གཟའ་འཁོར་གཅིག་གི་གལ་ཆེའི་གསར་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-14   རྩོམ་ཁུངས།   

★ཟླ་12པའི་ཚེས་3ཉིན། ཁུལ་ཡོངས་ཀྱི་ཏང་ཨུ་(ཏང་ཙུའུ་)ཁོངས་གཏོགས་ཀྱི་དྲུང་ཡིག་ཆེན་མོ་གཞུང་ལས་ཁང་གི་ཀྲུའུ་རེན་ཚོགས་འདུ་དེ་ཁུལ་ཨུའི་སྙན་ཞུ་ཁང་དུ་འཚོགས་པ། གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཏང་ཨུའི་དྲུང་ཆེའི་ཚོགས་འདུ།  ཞིང་ཆེན་ཡོངས་ཀྱི་ཏང་ཨུའི་དྲུང་ཆེའི་གཞུང་ལས་ཐིང་གི་ཀྲུའུ་རེན་གྲོས་ཚོགས་ཀྱི་དགོངས་དོན་སོགས་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། 

★ཟླ་12པའི་ཚེས་4ཉིན། ཁུལ་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་ཐེངས་17པ་འཚོགས་པ་དང་། གྲོས་ཚོགས་ཐོག་《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་བསམ་འཆར་འགའ》ཞེས་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཁུལ་སྲིད་གྲོས་ཀྱི་2018ལོའི་ལས་ཀའི་སྤྱི་བསྡོམས་དང་ལས་ཀའི་སྙན་ཞུ་ལ་ཞིབ་འཇུག་བྱས་པ་རེད།

★ཟླ་12པའི་ཚེས་4ཉིན། ཀྲུང་གུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱུན་ཨུའི་སྐབས་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས68པ་འཚོགས་པ། གྲོས་ཚོགས་ཐོག་ཁྲེན་ཧའོ་ཧྲུའུ་ཅིས་2018ལོར་ཞིང་ཨུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་ ཁྲེན་ཧའོ་ཧྲུའུ་ཅིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད་དགོངས་དོན། ཞིང་ཨུའི་གཞུང་དོན་ཐིང་གིས་《 སྤྱོད་གཙང་དང་འགན་འཁྲི་ཁུར་ཕོད་པ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་སྐོར་གྱི་བསམ་འཆར་》སོགས་ལ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།