འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བརྟག་ཞིབ་ཚོ་ཆུང་གིས་རང་ཁུལ་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-14   རྩོམ་ཁུངས།   

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་4ཉིན་ནས་ཚེས5བར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཏའེ་ཏུང་ཁྲང་གིས་བརྟག་ཞིབ་ཚོ་ཆུང་སྣེ་ཁྲིད་དེ། ཧྲིན་ཀྲང་གཞོན་པ་ཝང་ཞན་ཀང་སོགས་དང་ཆབས་ཅིག་རང་ཁུལ་དུ་འབྲི་ཆུའི་བཀག་ཆུའི་ཆུ་ལོག་གིས་རང་ཁུལ་གྱི་འབྲི་ཆུའི་རྒྱུད་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་གཞི་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་དང་གནོད་རྗེས་བསྐྱར་སྐྲུན་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཏའེ་ཏུང་ཁྲང་གིས་ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དོན་འཁྱོལ་བྱས་ནས། གཞུང་ལམ་མྱུར་བཟོ་དང་ཤར་བགྲོད་མགྱོགས་སུ་གཏོང་བ། སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཤུགས་སྣོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ཀྱི་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱས་ནས། མགྱོགས་མྱུར་གྱིས་བདེ་ཆེན་གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་ལས་ཀ་ལེགས་འགྲུབ་བྱུང་བར་རོགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འཆར་འགོད་སིའི་སི་ཀྲང་གཞོན་པ་ལིའུ་ཞིན་དང་། གཞུང་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཡུང་ཧུང་སོགས་བརྟག་ཞིབ་ཏུ་ཞུགས།

    ཡུན་ནན་ཞིང་ཆེན་འགྲིམ་འགྲུལ་ཐིང་གི་ཐིང་ཀྲང་ཝང་ཡུན་ཧྲན་དང་།བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཀུའུ་ཁུན། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་སོགས་ལྷན་དུ་བརྟག་ཞིབ་གནང་བ་རེད།

ཐེངས་འདིའི་ཆུ་ལོག་གིས་རང་ཁུལ་གྱི་སྤྱི་ལེ430ལྷག་གི་འབྲི་ཆུའི་རྒྱུད་ཀྱི་ལམ་བུ་ལ་ཚད་མི་འདྲ་བའི་གནོད་སྐྱོན་བཟོས་པ་དང་། ཟམ་པ་9ཆུས་སྣུབ་པ། ཟམ་པ་2ལ་གནོད་སྐྱོན་ཚབས་ཆེན་བཟོས་པ། ཟམ་པ་14ལ་ཚད་མི་འདྲ་བའི་གནོད་སྐྱོན་སོགས་བཟོས་པས། འབྲི་ཆུའི་རྒྱུད་ཀྱི་མང་ཚོགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་པ་རེད། ཏའེ་ཏུང་ཁྲང་དང་བཅས་པས་འབྲི་ཆུའི་རྒྱུད་ཀྱི་གཡག་རྭ་ཤང་དང་ཀོང་རྩེད་ར་གྲོང་རྡལ། ཉི་ཤར་ཤང་། ཐང་སྟེང་ཤང་། མཐའ་ཆུ་གྲོང་རྡལ། ཧྲང་ཅང་ཤང་སོགས་སུ་ཡུལ་དངོས་ཀྱི་གནོད་ཐེབས་གནས་ཚུལ་ལ་གཟིགས་པ་རེད།

    ཏའེ་ཏུང་ཁྲང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀར་ཧ་ཅང་མཐོང་ཆེན་བྱས་ཡོད་དེ། གོམ་སྟབས་རྗེས་མའི་ལས་ཀ་སྔར་བཞིན་དཀའ་ཚེགས་ཆེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་གལ་ཆེའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལྟར། འགྲིམ་འགྲུལ་སླར་གསོ་བསྐྱར་སྐྲུན་ཁྲོད་འགྲིམ་འགྲུལ་སྔོན་འགོད་ཀྱི་གལ་ཆེའི་རང་བཞིན་མངོན་པར་བྱེད་དགོས། གཉིས་ནི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་གནོད་འཚེ་ཕོག་ཁུལ་གྱི་སླར་གསོ་དང་བསྐྱར་སྐྲུན་ལས་ཀར་རྒྱབ་སྐྱོར་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཝང་ཞན་ཀང་གིས་གོམ་སྟབས་རྗེས་མར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།         འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཐུགས་ཁུར་དང་རྒྱབ་སྐྱོར། ཡུན་ནན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད།       དེ་མིན་བདེ་ཆེན་གྱི་རིམ་པ་ཁག་གི་འགོ་ཁྲིད་དང་ལས་བྱེད་པའི་ཧུར་བརྩོན་འོག འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་གཞི་སླར་གསོ་བསྐྱར་སྐྲུན་ཁྲོད་ཡང་བསྐྱར་གནོད་སྐྱོན་བྱུང་བར་སྔོན་འགོག་བྱས་ནས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་དང་། ལོ་གསར་ཀྱི་མཚམས་ཚིགས་ལ་དམིགས་འཛིན་ནས་འབྲེལ་ཡོད་གཞུང་ལམ་ཤར་གཏོང་གི་ལས་དོན་ལེགས་འགྲུབ་བྱུང་དགོས། གཅིག་གྱུར་གྱིས་མ་དངུལ་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། སང་ལོའི་འབྲེལ་ཡོད་རྣམ་གྲངས་ཀྱི་སྙན་ཞུ་སྔོན་ལ་ཇུས་འགོད་ཡག་པོ་བྱ་དགོས། དུས་གོང་མའི་སྤྱོད་ཚུལ་བཟང་པོ་མུ་མཐུད་དུ་དར་སྤེལ་བཏང་སྟེ་ལས་འགོ་ལེགས་འཛུགས་དང་ལས་མཇུག་ལེགས་བསྡུས་བྱས་ནས་གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀ་མགྱོགས་མྱུར་གྱིས་ལེགས་འགྲུབ་བྱེད་དགོས་ཞེས་ནན་ཏན་གྱིས་བསྟན་པ་རེད།

    ཀུའུ་ཁུན་གྱིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།དེ་མིན་ཡུན་ནན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཁུལ་གྱི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་།ཁོང་གིས་རང་ཁུལ་གྱིས་ནན་ཏན་སྒོས་གོང་རིམ་གྱི་རྣམ་གྲངས་སོ་སོའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱས་དགོས་པ་དང་།མང་ཚོགས་ཀྱིས་ཐོན་སྐྱེད་རང་སྐྱོབ་བྱེད་རྒྱུ་ཧུར་བརྩོན་གྱིས་ཁྲིད་སྟོན་བྱས་ནས། གེགས་སེལ་མ་དངུལ་ཚང་མ་དགོས་མཁོ་ཆེ་སར་སྤྱོད་རྒྱུ་དང་།མགྱོགས་མྱུར་གྱིས་རྣམ་གྲངས་ཁག་ལ་སྐུལ་འདེད་བྱེད་རྒྱུ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པར་བྱེད་རྒྱུ་ཞེས་བསྟན་པ་རེད།