རང་ཁུལ་གྱིས་མི་རིཊ་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ19བླངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-14   རྩོམ་ཁུངས།   


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དུས་ཡུན་ཉིན་བདུན་རིང་གི་ཛ་དྲག་གི་འགྲན་བསྡུར་བརྒྱུད། ཟླ་12པའི་ཚེས་12ཉིན། ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སྐབས་བཅུ་གཅིག་པའི་འགྲན་བསྡུར་དང་འཁྲབ་སྟོན་རྣམས་གྲངས་ཡོངས་མཇུག་སྒྲིལ་བ་དང་། བདེ་ཆེན་ཁུལ་གྱིས་ཁྱོན་བསྡོམས་གསེར་གྱི་རྟགས་མ་19དང་དངུལ་གྱི་རྟགས་མ་9ཟངས་ཀྱི་རྟགས་མ་4ཐོབ་པ་རེད། འདིའི་ཁྲོད་དུ། འགྲན་བསྡུར་རིགས་ཀྱི་རྣམ་གྲངས་ལས་རྟ་རྩལ་འགྲན་བསྡུར་ལ་གསེར་གྱི་རྟགས་མ་12བླངས་པ་དང་། ལངས་མདའ་འགྲན་བསྡུར་ལ་གསེར་གྱི་རྟགས་མ་4བླངས་པ།འཁྲབ་སྟོན་རིགས་ཀྱི་རྣམ་གྲངས་ལ་གསེར་གྱི་རྟགས་མ་3བླངས་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་བསྡུར་མཇུག་སྒྲིལ་རྗེས།མངོན་ཚུལ་ལེགས་པའི་འགྲན་ཞུགས་པ་བདམས་ཐོན་དང་སྦྱོང་བརྡར་བྱས་རྗེས་མི་འགྱངས་བར་ཡུན་ནན་འཐུས་མི་ཚོགས་པར་རྩ་འཛུགས་བྱས་ནས་སང་ལོའི་ཧོ་ནན་ཀྲེང་ཀྲོའུ་རུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་རེད།