སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཤུཊ་ཡོངས་ནས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་ཀར་སྐུལ་འདེད་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-13   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཁྲོམ་རའི་ལེགས་བཅོས་ལ་ཤུགས་བསྣན་པ། དཔལ་ཡོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ། དཔལ་ཡོན་གཉེར་སྐྱོང་གི་ཡིད་རྟོན་གཉེར་སྐྱོང་རྣམ་པ་སོགས་བརྒྱུད་ནས། ཐབས་མང་མཉམ་སྤྱོད་ཀྱིས་སེམས་ཀྱི་ཉི་ཟླའི་དཔལ་ཡོན་གྲོང་ཁྱེར་གཏོད་པའི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་རེད།

    གནད་དོན་ལ་ཐད་ཀར་དམིགས་ཏེ་གནད་དོན་ཤེས་མ་ཐག་བཅོས་སྒྲིག་བྱེད་པའི་ལམ་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། སྲིད་གཞུང་གིས་ལྟ་ཞིབ་ལ་དམིགས་ནས་གཤམ་སྤྲོད་བྱས་པའི་ལྡོག་ཕྱོགས་གསལ་ཐོ་ལ་དམིགས་ནས། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལྟ་ཞིབ་ལ་བསྒྲུབ་རྒྱུར་སྤྲོད་པ་དང་། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་དང་། ལམ་བར་ཞབས་ཞུ་བཅས་“ ཟུང་འབྲེལ་གསུམ་”ཁྱབ་སྤེལ་བྱས་ནས།བརྟག་དཔྱད་མཐིལ་རྟོགས་དང་། གནད་དོན་ཞིབ་བཤེར་གསལ་སྟོན། དག་ཐེར་དང་ལེགས་བཅོས་དོན་འཁྱོལ་བྱེད་པའི་“ དུས་མཚུངས་གསུམ” གྱི་ལས་ཀའི་ནང་རྐྱེན་འཛུགས་པ།

    དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ཀུན་གྱིས་ཐུགས་ཁུར་བྱེད་པའི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་པ་སྐྲུན་པ། ཁྲོམ་རར་སྐོར་ཞིབ་དང་། ཁེ་ལས་ཀྱི་ལོ་འཁོར་སྙན་ཞུའི་དམ་འཛིན་བྱ་གཞིར་བྱས་ནས། ཚོང་དུད་ཚང་མར་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱས་ནས། མང་ཚོགས་ཀྱི་ཤེས་ཚད་དང་ཞུགས་ཚད་མཐོ་རུ་ཕྱིན་པ་དང་། གྲོང་མི་ཚོས་རང་འགུལ་ངང་ཞུགས་པའི་ཧུར་སེམས་རང་བཞིན་གྱིས་སྐུལ་སློང་བྱས་ཡོད།

    དམིགས་འབེན་ལ་གཏད་ནས།དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལས་ཀ་དོན་ཐོག་ཏུ་འཁྱོལ་བ་འགན་ལེན་བྱེད་དགོས། སྤུས་ཚད་མཐོར་གཏོང་དང་། གཙོ་གནད་དམ་འཛིན། དཀའ་གནད་ཚད་བརྒལ་དུ་བྱས་ནས། རྒྱུན་མཐུད་ཤུགས་འདོན་བྱས་པ། བཟའ་བཅའ་སྣ་ཚོགས་ཐོན་སྐྱེད་གཉེར་སྐྱོང་བྱས་པའི་སྡེ་ཚན་ལ་ཞིབ་བཤེར་ནན་མོ་བྱས་ནས་གནད་དོན་ཤེས་འཕྲལ་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་དགོས།