འཇོལ་གྱིས་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-10   རྩོམ་ཁུངས།   

    འཇོལ་རྫོང་ཐོན་ལས་འཕེལ་རྒྱས་དང་སྐྱེ་དངོས་གསར་སྤེལ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འཇོལ་རྫོང་གིས་ཧུར་བརྩོན་སྒོས་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་དེ།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རོགས་སྐྱོར་དང་།ཀུང་སི་གཅིག་དང་བཟོ་གྲྭ་ལྔ་ཡི་འཛུགས་སྐྲུན་ལ་བརྟེན་ནས་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།ཞིང་ལས་དང་ཞིང་གྲོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།ཞིང་པས་འབབ་འཕར་དབུལ་སྒྲོལ་མངོན་འགྱུར་བྱས་པ་རེད།

    ཤུགས་ཆེན་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་སྐུལ་ཁྲིད་འོག རྟེན་གཞིའི་འཛུགས་སྐྲུན་བརྒྱུད་ནས།དཔལ་འབྱོར་ནགས་ཚལ་དང་སྨན་རྩྭ། ཁྱད་ལྡན་ཞིང་ལས་ལོ་ཏོག་འདེབས་འཛུགས་རྒྱ་བསྐྱེད་བཏང་ནས།གསོ་སྤེལ་ལས་རིགས་སྣ་ཚོགས་འཕེལ་རྒྱས་གཏོང་བ་དང་།ཡུལ་བབ་དང་བསྟུན་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་གཏོང་བ།དུས་མཚུངས་སུ།གོམ་གང་མདུན་སྤོས་སྒོས་མཉམ་ལས་ཁང་འཛུགས་སྐྲུན་དང་མ་དངུལ་དོ་དམ་སྔར་བས་ཚད་ལྡན་དུ་བཏང་བ་རེད།

    རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཏོན་པའི་ཐོན་ལས་དབུལ་སྐྱོར་ཀུང་སི་གཅིག་དང་བཟོ་གྲྭ་ལྔ་ཡི་སྤྱིའི་རིག་ལམ་གཞིར་བཟུང་འཇོལ་རྫོང་གིས་ཐོན་ལས་དབུལ་སྐྱོར་གསར་སྤེལ་མ་གཏོང་ཚད་ཡོད་ཀུང་སི་འཛུགས་པ་དང་། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་46གིས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀུང་སིར་ཞུགས་ནས་མ་རྐང་འཛིན་པ་དང་། ཟ་སྣུམ་སོགས་དབུལ་སྐྱོར་འཁོར་ཁང་5ནང་འདྲེན་འཛུགས་སྐྲུན་བྱས་པ་རེད།

འཇོལ་རྫོང་གིས་ཐང་སྟེང་གངས་ལྗོངས་སྐྱུ་རུའི་སྣུམ་ཀུང་སི་སོགས་དང་མཉམ་ལས་འདོད་མཐུན་བཞག་པ་དང་། སེམས་ཀྱི་ཉི་ཟླའི་ཁང་མེ་འོ་ལས་ཀུང་སི་དང་རྒྱུ་ནོར་བཤུག་སྤྲོད་དང་མ་དངུལ་འཇོག་པའི་གྲོས་དོན་བཞག་པས།སྔར་ལས་ལྷག་པའི་སྒོ་ནས་ཐོན་ལས་དབུལ་སྐྱོར་གྱི་ལས་ཀར་སྐུལ་འདེད་བཏང་བ་རེད།

    མིག་སྔར།ཤང་དང་གྲོང་རྡལ་སོ་སོས་ཚོད་རྩིས་བྱེད་བཞིན་པའི་སྒང་ཡིན།ཚོད་རྩིས་ཀྱི་མཇུག་འབྲས་གཞིར་བཟུང་།རྫོང་ཐོན་ལས་འཕེལ་རྒྱས་དང་སྐྱེ་དངོས་གསར་འབྱེད་གཞུང་སྒྲུབ་ཁང་གིས་མ་དངུལ་དག་ཤང་གྲོང་ཁག་ཏུ་གཏོང་རྒྱུ་ཡིན་ལ།ལོ་མཇུག་ཏུ་ལས་ཀ་ལེགས་འགྲུབ་བྱུང་དགོས།