དབུ་ཤོག >> ས་གནས་གསར་འགྱུར།
བདེ་ཆེན་གཡག་རྭའི་མངག་གཏོང་ཁང་ལ་རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཐོབ།
རྩོམ་པ་པོ། དུས་ཚོད། 2018-12-07 རྩོམ་ཁུངས།

        “རྩ་ཁྲིམས་ཀྱི་སྙིང་སྟོབས།། ཁྲིམས་སྐྱོང་གི་སྟོབས་ཤུགས།།”ཞེས་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་འཁོར་གཅིག་གི་ཁྲིམས་སྐྱོང་མི་སྣར་བྱ་དགའ་གནང་བའི་ལས་ཚན་ཟླ་12པའི་ཚེས་4ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བཏང་ཞིང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་སྤྱི་བདེ་ཅུས་ཀྱི་གཡག་རྭའི་མངག་གཏོང་ཁང་ལ་“ལོ་འཁོར་གཅིག་གི་དྲ་ལམ་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣའི་”གཟེངས་རྟགས་ཐོབ་པ་རེད།

        གཟེངས་རྟགས་འདི་གཙོ་བོ་མི་དམངས་ལྟེ་བར་འཛིན་པ་དང་དྲང་བདེན་འཛིན་སྐྱོང་། རྩ་ཁྲིམས་བླ་མེད། རུལ་སུངས་གི་རྣོ་གྲི། རྒྱལ་ཁབ་ཁྲིམས་སྐྱོང་བཅས་ལེའུ་ལྔའི་སྒོ་ནས་འདེམས་པ་ཡིན་ལ། ནང་དོན་རེ་རེ་བརྙན་ཐུང་དང་ཡུལ་དངོས་ནས་གནས་ཚུལ་བཀོད་པ་བརྒྱུད་ནས། བརྩེ་བ་ཟབ་མོས་ལོ་ངོ་40རིང་རང་རྒྱལ་ཀྱིས་ཁྲིམས་སྐྱོང་སྐུལ་སྤེལ་བཏང་བའི་བརྒྱུད་རིམ་ཁྲོད་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་གྱོད་དོན་ལ་ཕྱིར་མིག་བལྟ་བ་ཞིག་ཡིན་ལ།  ཕྱོགས་ཡོངས་ནས་གཟེངས་རྟགས་ཐོབ་མཁན་ཚོས་ཁྲིམས་སྐྱོང་རྒྱལ་ཁབ་སྐུལ་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་བྱས་རྗེས་ཆེན་པོ་བཞག་པ་མཚོན་པར་བྱས་པ་རེད།

        བྱ་དགའ་གནང་བའི་ཉིན་དེར་གཡག་རྭའི་མངག་གཏོང་ཁང་གི་སུའོ་ཀྲང་དོན་གྲུབ་ཆོས་འཕེལ་གྱིས་མངགས་གཏོང་ཁང་གི་ཚབ་བྱས་ནས་བྱ་དགའ་བླངས་པ་རེད།

        ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་འཁོར་གཅིག་གི་ཁྲིམས་སྐྱོང་མི་སྣར་བྱ་དགའ་གནང་བ་འདི་རྒྱལ་ཁབ་ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་གཙོ་བསྒྲུབ་གནང་བ་ཡིན་ལ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཐིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། སྤྱི་བདེ་པུའུ། ཀྲུང་གོའི་ཁྲིམས་ལུགས་རིག་པ་ཨུ་ཡོན་ལྷན་ཚོགས་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཐོབ་པ་རེད།