ཞིང་ཆེན་མི་རིགས་ལུས་རྩལ་འགྲན་བསྡུར་ཁྲོད་བདེ་ཆེན་གྱི་འགྲན་ཞུགས་པ་བློ་གྲུབ་ལ་གསེར་གྱི་བྱ་དགའ་ཐོག་མ་ཐོབ།

རྩོམ་པ་པོ།   དུས་ཚོད།   2018-12-06   རྩོམ་ཁུངས།   

        ཟླ12པའི་ཚེས5ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྐྱེས་པའི་སྲོལ་རྒྱུན་གྱི་གཞུ་ལངས་མདའ་རྣམ་གྲངས་འགྲན་བསྡུར་ཁྲོད།    བདེ་ཆེན་གྱི་འཐུས་ཚབ་པ་བློ་གྲུབ༼གཡོན་ཕྱོགས།༽ཀྱིས་གསེར་གྱི་རྟགས་མ་བླངས་པ་དང་།   བདེ་ཆེན་འཐུས་ཚབ་རུ་ཁག་ལ་ཆེས་ཐོག་མའི་གསེར་གྱི་རྟགས་མ་དེ་བླངས་པ་རེད།  ལི་ཡུས་ཧྭ༼གཡས་ཕྱོགས།༽ཡིས་རྣམ་གྲངས་འགྲན་བསྡུར་དེའི་ཁྲོད་དུ་ཟངས་ཀྱི་རྟགས་མ་བླངས་པ་རེད།