༄༅།།ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་གྱི་ཡར་ཀླུང་གཙང་པོ་བརྒལ་བའི་ཟམ་ཆེན་ཐོག་མ་ལ་འཁོར་ལམ་བཏིངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-27   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་11ཚེས་26ཉིན། གོང་དཀར་ཡར་ཀླུང་གཙང་པོའི་ཟམ་ཆེན་ཐོག  རིང་ཚད་ལ་སྨི་25ཡོད་པའི་འཁོར་ལམ་ཚོགས་ཁག་དང་པོ་དེ་གནད་དུ་ཁེལ་བར་འདིང་ཐུབ་པ་བྱུང་། འདིས་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་གྱི་ཟམ་ཆེན་དང་པོ་སྟེ་གོང་དཀར་ཡར་ཀླུང་གཙང་པོའི་ཟམ་ཆེན་ལ་འཁོར་ལམ་འདིང་འགོ་བཙུགས་པ་མཚོན་ཞིང་། ལྷ་ཉིང་ལྕགས་ལམ་གྱིས་བདེ་བླག་ངང་ཡར་ཀླུང་གཙང་པོ་བརྒལ་བའི་ལས་ཀའི་གོ་རིམ་དང་པོ་གྲུབ་ཟིན་པ་མཚོན།