དབུ་ཤོག >> སྐབས་དོན་གསར་འགྱུར།
༄༅།།བོད་སྨན་རིགས་སྣ1500ཉར་ཚགས་བྱས་ཡོད་པའི་མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་བ་རིག་པའི་སློབ་གླིང་གི་བོད་སྨན་དམར་དཔེ་ལྟེ་གནས་སུ་བསྐྱོད་པ།
རྩོམ་པ་པོ། དུས་ཚོད། 2018-11-27 རྩོམ་ཁུངས། མི་དམངས་དྲ་བ།

        ཟླ་11ཚེས་25ཉིན། གསར་འགོད་པ་མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་བ་རིག་པའི་སློབ་གླིང་གི་བོད་སྨན་དམར་དཔེ་ལྟེ་གནས་སུ་བསྐྱོད་པ་དང་། ལྟེ་གནས་དེ་ནི་སྨན་རྒྱུའི་སྐྱེ་དངོས་དམར་དཔེ་དམར་ཁྲིད་ཁང་དང་། སྲོག་ཆགས། གཏེར་ཁའི་སྨན་རྒྱུའི་དམར་དཔེ་དམར་ཁྲིད་ཁང་བཅས་སུ་དབྱེ་ཡོད་ཅིང་། དུས་རྒྱུན་དུ་བེད་སྤྱོད་པའི་སྨན་རྒྱུ་དང་མིང་གྲགས་ཆེ་བའི་སྨན་རྒྱུ་སོགས་བོད་སྨན་རིགས་སྣ1500ཉར་ཚགས་བྱས་འདུག བོད་སྨན་ནི་སྤྱིར་བཏང་དུ་རྩི་ཤིང་གི་རིགས་དང་གཏེར་ཁའི་རིགས། སྲོག་ཆགས་ཀྱི་རིགས། ཆུའི་རིགས། མེའི་རིགས་སོགས་སུ་དབྱེ་ཡོད།