༄༅།།2019ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་ཁེལ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-26   རྩོམ་ཁུངས།    མི་དམངས་དྲ་བ།


        བསྟུད་མར་ལོ་གཉིས་ལ། བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ལ་ཁེལ་འདུག

        བོད་ཀྱི་ལོ་གསར་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་དུས་ཚོད་ཀྱི་ཁྱད་པར་ལ་སྤྱིར་བཏང་རིགས་གསུམ་ཡོད་པ་སྟེ། ཉིན་གཅིག་ལ་ཁེལ་ཡོད་པ་དང་།  ཉིན་གཅིག་གི་ཁྱད་པར་ཡོད་པ། ཟླ་བ་གཅིག་གི་ཁྱད་པར་ཡོད་པ་བཅས་རེད། ལོ་རེའི་བོད་ཀྱི་ལོ་གསར་དུས་ནམ་ཞིག་ལ་གཏོང་བ་ནི《བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་》ལ་ཅིག་བལྟས་པས་ཤེས་ཐུབ། བོད་མི་རྣམས་ཀྱིས་ལོ་ཐོ་ལ་གཞིགས་ནས་ཞིང་ལས་དང་དུས་ཆེན་གྱི་མཛད་སྒོ། གཉེན་སྒྲིག འདས་མཆོད་སོགས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་བྱ་བ་གལ་ཆེན་དག་བཀོད་སྒྲིག་བྱེད་སྲིད་པས། ལོ་ཐོ་ནི་བོད་ཀྱི་ཁྱིམ་ཚང་དུ་མེད་དུ་མི་རུང་བ་ཞིག་རེད་ཅེས་བཤད་ཆོག  དོན་དངོས་སུ། ལོ་ཐོ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་པ་ཚོས་ལོ་མ་ཚེས་སྔོན་ནས་ཕྱོགས་བསྒྲིགས་བྱས་ཟིན་ཡོད་ཅིང་། 2019ལོའི་ལོ་ཐོ་ནི་ད་ལྟ་བརྩམས་ཟིན་ནས་པར་སྐྲུན་བྱེད་པའི་སྒང་རེད།

        གནམ་རིག་སྐར་རྩིས་ཀྱི་རིགས་གཅིག་མཁས་པ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་དོན། 2019ལོའི་བོད་ཀྱི་ལོ་གསར་དང་ལུགས་རྙིང་གི་ལོ་གསར་ནི་ཏག་ཏག་ཉིན་གཅིག་སྟེ་སྤྱི་ལོ་2019ལོའི་ཟླ་2ཚེས་5ཉིན་ལ་ཁེལ་འདུག  འོན་ཀྱང་བསྟུད་མར་ལོ་གཉིས་ལ་ལོ་གསར་ཉིན་གཅིག་ལ་ཁེལ་བའི་སྣང་ཚུལ་འདི་ལོ་མང་པོའི་རིང་ཐེངས་གཅིག་ལ་འཕྲད་པ་དང་། 2018ལོ་དང་2019ལོ་ནི་ཏག་ཏག་བསྟུད་མར་ལོ་གཉིས་རིང་ཉིན་གཅིག་ལ་ཁེལ་ཡོད་པ་རེད། 

        བོད་ཀྱི་ལོ་གསར་ནི་སྤྱི་ལོ་1027ལོར་དངོས་སུ་བེད་སྤྱད་པ་ཞིག་ཡིན་ཞིང་།  

        གནམ་རིག་སྐར་རྩིས་ཀྱི་རིགས་གཅིག་མཁས་པས"བོད་ཀྱི་ལོ་གསར་དུས་ནམ་ཡིན་པ་གཏན་ཁེལ་བྱེད་པ་ནི་བོད་ཀྱི་ལོ་ཐོ་བེད་སྤྱོད་པ་དང་འབྲེལ་བ་དམ་པོ་ཡོད་པ་དང་། བོད་ཀྱི་ལོ་ཐོ་ནི་1027ལོར་དངོས་སུ་བེད་སྤྱད་པ་ནས་དུས་ད་ལྟའི་བར་དུ་མ་ཉམས་པར་ཡོད"ཅེས་བཤད།