བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བས་འཕྱོངས་རྒྱས་ཀྱིས་གླུ་གར་འཁྲབ་སྟོན་བྱས་ནས་ཏང་གི་བཀའ་དྲིན་ཚོར་བར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-23   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།


        ཉེ་ཆར། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་ཆེད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གྲོང་བདུན་སྡེ་ཁུལ་གྱི་གྲོ་སྡོད་ལས་དོན་རུ་ཁག་གིས་སྡེ་ཁུལ་གྱི"ཨུ་ལྷན་གཉིས"ཀྱི་ཁོངས་མི་དང་མཉམ་འབྲེལ་ཐོག་ཏང་གི་སློབ་ཚན་འཚོགས་པ་དང་། ངག་ཐོག་ནས་བོད་ལྗོངས་གསར་རྙིང་བཤད་པ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོས་ལོ་ངོ40ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འཕྱོངས་རྒྱས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་མངོན་པ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བའི་བློ་བརྟན་འགྱུར་མེད་ཀྱི་འདུན་པ་མཚོན་པར་བྱས་ཡོད། །