འཛམ་གླིང་སེམས་ཀྱི་ཉི་ཟླ། ༼བརྙན།༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-23   རྩོམ་ཁུངས།   

   

        བདེ་ཆེན་གྱི་རང་བྱུང་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་ལ།   གནའ་བོའི་བྲོ་བ་མ་ཉམས་པའི་དམངས་སྲོལ་རིག་གནས་མང་པོ་ཞིག་རྒྱུན་འཛིན་བྱས་ཡོད་པས།  མི་མང་པོས་ཡུལ་འདི་ལ་མི་ཡུལ་གྱི་དག་ཞིང་ཞེས་འབོད་སྲོལ་ཆགས་ཡོད།    ཡུལ་འདི་ནི་ཕྱོགས་བཞིའི་སྐྱེ་བོ་མང་པོས་ཡུལ་སྐོར་ལྗོངས་རྒྱུ་བྱེད་ས་དང་སེམས་གཏིང་ནས་སྨོན་འདུན་སྐྱེས་སའི་གནས་མཆོག་ཅིག་ཡིན་པ་མ་ཟད།   མི་མང་པོ་ཞིག་གི་ཐོག་མའི་རྨི་ལམ་མངོན་འགྱུར་བྱུང་སའི་གནས་ལ་ཡང་གྱུར་ཡོད།  

        བརྙན་འདིའི་ནང་དུ་བདེ་ཆེན་ཡུལ་དུ་ཡོད་པའི་གངས་རི་གྲགས་ཆེ་བ་རྣམས་དང་།   བཞུར་ཆུའི་སྐོར།  ཡུལ་སྐོར་མཛེས་ལྗོངས་ཁུལ་སོ་སོ། དེ་ནས་དགོན་སྡེ་མི་འདྲ་ཁག    མི་རིགས་སོ་སོའི་ཞབས་བྲོ་དང་དམངས་སྲོལ་རིག་གནས།   གླུ་གར་སྒྱུ་རྩལ།    ལག་ཤེས་བཟོ་ལས་སོགས་ཀྱི་གནས་ཚུལ་མང་པོ་ཞིག་བཀོད་ཡོད་པས། ཁྱེད་ཀྱིས་ཡུལ་འདི་ལ་རྒྱུས་ལོན་བྱེད་པར་དགའ་བསུ་ཞུ།     https://v.qq.com/x/page/f0785tfc4dv.html