དབུ་ཤོག >> བདེ་ཐང་མཛུབ་སྟོན།
དགོང་མོ་མ་ཉལ་གོང་དོ་སྣང་བྱེད་དགོས་པ་འགའ།
རྩོམ་པ་པོ། དུས་ཚོད། 2018-11-22 རྩོམ་ཁུངས།

གཅིག   སོ་འཁྲུ་བ།

        རྒྱུན་དུ་སོ་བཀྲུས་ན་སོར་སྲུང་སྐྱོབ་ཐུབ་པ་མ་ཟད་ད་དུང་གཉིད་ཀྱང་སྐྱིད་པོ་ཁུག་ཐུབ།

གཉིས།   སྐྲ་ཤད་རྒྱག་པ།

        དགོང་མོ་མ་ཉལ་གོང་མགོའི་ལྤགས་པ་ཚ་པོ་མ་ཆགས་བར་སྐྲ་ཤད་བརྒྱབ་ན་སྐྲ་ལ་སྲུང་སྐྱོབ་ཐུབ་པ་མ་ཟད། གཉིད་ཀྱང་སྐྱིད་པོ་ཁུག་སྲིད།

གསུམ།  ཆུ་ཚ་པོར་རྐང་པ་སྦོང་བ།

        དགོང་མོ་མ་ཉལ་གོང་ཆུ་ཚ་པོར་རྐང་པ་སྦངས་ཚེ་རྐང་པའི་ཁྲག་རྩ་རྒྱས་ནས་ཀླད་ཁྲག་རྒྱུག་ཚད་ཉུང་དུ་ཕྱིན་ཏེ་གཟུགས་པོ་ཞི་ལྷོད་དང་སྐྱིད་པོ་ཡོང་བ་མ་ཟད། གཉིད་ཀྱང་སྐྱིད་པོ་ཁུག་སྲིད།

བཞི།   སྒེའུ་ཁུང་འབྱེད་པ།

        མ་ཉལ་གོང་སྒེའུ་ཁུང་ཕྱེ་ན་མཁའ་རླུང་གསོས་པ་བརྗེ་ཐུབ་པས་གཉིད་སྐྱིད་པོ་ཁུག་པར་ཕན་པ་ཡོད།

ལྔ།   འོ་མར་སྦྲང་རྩི་བླུགས་ནས་འཐུང་བ།

        མ་ཉལ་གོང་སྦྲང་རྩི་བླུགས་པའི་འོ་མ་ཕོར་པ་གང་བཏུངས་ན་གཉིད་སྐྱིད་པོ་ཁུག་ཐུབ། དེའི་རྒྱུ་མཚན་ནི་སྦྲང་རྩིས་ཁྲག་གི་མངར་རྒྱུ་ཚང་མ་སྙོམ་པོ་བཟོ་ཐུབ་པས་ཞོགས་པ་གཉིད་སྔ་པོ་ནས་མ་སད་སྔོན་འགོག་ཐུབ།

དྲུག   བསམ་བློ་མང་པོ་གཏོང་རྒྱུ་མེད།

        མ་ཉལ་གོང་བསམ་བློ་མང་པོ་གཏོང་བའམ་ཀླད་པ་དཀྲུག་དྲགས་རྒྱུ་མེད།

བདུན།    དགོང་ཟས་བཟའ་རྒྱུ་ཕྱི་དྲགས་རྒྱུ་མེད་ལ་མང་ཡང་དྲགས་རྒྱུ་མེད།

        མ་ཉལ་གོང་ཇ་དང་། ཀོག་ཧྥེ། ཆང་རག ཆུ་སོགས་མང་པོ་བཏུང་རྒྱུ་མེད་ལ་ཡག་ཤོས་བྱུང་ན་ཐ་མག་ཀྱང་མང་པོ་འཐེན་རྒྱུ་མེད། གང་ཡིན་ཟེར་ན་ཐ་མག་གིས་མིའི་སྙིང་ཤུགས་འཕར་བས་གཉིད་ཁུག་པར་འགོག་རྐྱེན་བཟོ་སྲིད་ལ། ཆང་རག་དང་ཆུས་མཚན་མོ་གཅིན་པ་བབས་ཀྱི་ཡོད།

བརྒྱད།    བརྙན་འཕྲིན་ལྟ་བའི་དུས་ཚོད་རིང་དྲགས་རྒྱུ་མེད་ལ་ཕྱི་ཡང་དྲགས་རྒྱུ་མེད།

        དེ་མིན་རྒན་འཁོགས་ཚོ་དགོང་མོ་གཉིད་ཡག་པོ་མ་ཁུག་ན། ཉིན་མོའི་གཉིད་ཉལ་བའི་དུས་ཡུན་རིང་དྲགས་རྒྱུ་མེད། ཡག་ཤོས་བྱུང་ན་ཆུ་ཚོད་གཅིག་ཉལ་ན་འཚམ་པོ་ཡོད།