རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧེ་ནས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་ལིས་ཁི་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས།

རྩོམ་པ་པོ།   དུས་ཚོད།   2018-11-21   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།

        ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧེ་ནས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས།

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁུངས་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་ལྟར། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བ་ནས་ཟླ་བཅུ་བའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་བྱས་པའི་ལས་ཁུངས་དང་སྡེ་ཁག་བཞི་བཅུའི་འགན་འཁུར་བ་ང་དགུ་ཡིས་རིམ་པ་བཞིན་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་བཞག

        ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཞོ་ཅན་གྱིས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་དངོས་སུ་འགོ་བརྩམས་པ་ཁྱབ་སྒྲོག་བྱས་རྗེས། ཚང་མ་ཡར་བླངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེར་མཐུད་ནས་དམ་བཅའ་འཇོག་པའི་མི་སྣས་རྩ་ཁྲིམས་ཀྱི་མདུན་ནས་དམ་ཚིག་སྒྲོག་འདོན་བྱས།

        དམ་བཅའ་བཞག་རྗེས། ལིས་ཁི་ཆང་གིས་ཚང་མས་རྩ་ཁྲིམས་ལ་བློ་དཀར་ཞིང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རང་གི་འགན་འཁྲིའི་བྱ་བ་བཟང་བོར་བསྒྲུབ་པ་དང་མི་དམངས་མང་ཚོགས་ལ་དོན་བཟང་བསྒྲུབ་པ་དང་དཀའ་ངལ་སེལ་རོགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རྒྱུན་འཁྱོངས་ལྷོད་མེད་སྒོས་འབད་འཐབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་པ་དང་མི་དམངས་མང་ཚོགས་ཡིད་ཚིམས་པར་བྱེད་དགོས་ཟེར། །