ཧི་མ་ལ་ཡའི་རྒྱལ་སྲས་ཕུར་བ་སྐྱབས་ཀྱི་སྙན་གཞས་ཤིག་ལ་རོལ་མྱོང་བྱེད།

རྩོམ་པ་པོ།   དུས་ཚོད།   2018-11-20   རྩོམ་ཁུངས།   

        གངས་ལྗོངས་སྟག་ཤར་ཕུར་པ་སྐྱབས་ཞེས་འབོད་པ་ནི་མདོ་སྨད་རྒྱལ་རོང་ཆུ་ཆེན་རྫོང་ཁྲོ་སྐྱབས་བར་མའི་སྡེ་བ་འོ་བཟེ་ཡུལ་ཚོའི་ཞིང་ལས་དུད་ཚང་དཀྱུས་མ་ཞིག་གི་ཕ་དབང་ཕྱུག་དང་མ་དཔལ་སྐྱིད་གཉིས་ཀྱི་བུ་རུ་སྤྱི་ལོ་༡༩༨༥ལོའི་ཟླ༧པའི་ཚེས༨ལ་སྐྱེས་ནས་རིམ་བཞིན་འཚར་ལོངས་བྱུང་ཞིང་། ལོ་ན་དྲུག་ནས་བཟུང་སྤྲོ་སྡེ་ཡུལ་ཚོའི་སློབ་ཆུང་དུ་འགྲིམ་པའི་འགོ་བརྩམས་ཏེ་འཛིན་གྲྭ་གསུམ་གྱི་བར་དུ་སྤྲོ་སྡེའི་སློབ་ཆུང་འགྲིམས། འཛིན་གྲྭ་བཞི་ནས་དྲུག་པའི་བར་དུ་འོ་བཟེ་ཤང་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་འབྲས་བུ་གཡུར་དུ་སྨིན་ནས་རྒྱ་ཡིག་སློབ་ཆུང་མཐར་ཕྱིན་བྱས་པར་མ་ཟད་གསུམ་བཟང་སློབ་མའི་མཚན་བཟང་ཡང་ཐེངས་མང་ཐོབ་མྱོང་ལ། ད་དུང་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་སུའང་ཞབས་བྲོ་དང་རྒྱུགས་རྩེད་གླུ་གར་སོགས་འཛིན་གྲྭ་སོ་སོའི་འགྲན་བསྡུར་ཁྲོད་སློབ་མ་རྩེ་ཕུད་ཀྱི་གྲས་ཡིན། 2008ལོར་ཕུར་བ་སྐྱབས་ཀྱིས་ཧུར་བརྩོན་བྱོས་དང་།  ཕོ་རྒོད་ཅེས་པའི་རྒྱལ་ཡོངས་གླུ་གར་འགྲན་བསྡུར་ལས་ཨང་དང་པོའི་གྲུབ་འབྲས་བླངས་ཤིང་།   དེ་ནས་བཟུང་ཧྲང་ཧེ་ཟློས་གར་སློབ་གླིང་འགྲིམས་ཞོར།   རྒྱལ་ཕྱི་ནང་གི་ལྟད་མོ་བར་གློག་བརྙན་འཕྲིན་གྱི་ཕུལ་བྱུང་བརྩམས་ཆོས་མང་པོ་ཞིག་ཕུལ་ཡོད།   དེང་སང་ཕུར་བ་སྐྱབས་ནི་བོད་ནང་གི་སྒྱུ་རྩལ་པ་གྲགས་ཆེན་ཞིག་ཏུ་གྱུར་ཡོད།  དེས་ན་ད་ལོའི་སི་ཁྲོན་བརྙན་འཕྲིན་ཁང་གིས་བསྡུས་པའི་ཀྲུང་གོའི་བོད་གླུ་འགྲན་ཚོགས་ཐོག་ཁོང་གིས་མཚོ་སྔོན་པོ་ཕ་མའི་ཕ་མ་རེད་ཅེས་པའི་གླུ་དབྱངས་ཤིག་བླངས་ཡོད་པར།  ཀུན་གྱིས་དགའ་བསུ་དང་གདེང་འཇོག་མི་དམན་པ་གནང་བཞིན་འདུག་པས།   སྐུ་ཉིད་ཀྱིས་རོལ་མྱོང་ཐེངས་ཤིག་བྱེད་པར་མཁྱེན།