ཁྱོད་ཀྱིས་འདྲེ་ཚེར་枸杞ལ་ཕན་ནུས་གང་དག་ཡོད་པ་ཨེ་ཤེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-20   རྩོམ་ཁུངས།   


        འདྲེ་ཚེར་རམ་རྒྱའི་སྐད་དུ(枸杞)ཟེར་བ་འདི་ནི་ང་ཚོས་རྒྱུན་དུ་མཐོང་བའི་སྐྱེ་དངོས་ཀྱི་རིགས་ཤིག་ཡིན། འདི་ཐད་ཀར་དུ་ཟ་བའམ་ཡང་ན་ཆུ་ཁོལ་ནང་སྦང་ནས་བསྟེན་ཆོག་པ་སྟེ། འདི་ལ་དྲ་ཐོག་གི་བདེ་ཐང་ཤེས་བྱའི་རྩོམ་ཡིག་ཏུ་ཕན་ནུས་བཅུ་དྲུག་ཡོད་པར་བཤད་ཡོད་པས།  རེ་རེ་བཞིན་ངོ་སྤྲོད་བྱེད་པ་ལ།    

གཅིག   རིམས་འགོག་ནུས་པ་ཇེ་བཟང་དུ་གཏོང་ཐུབ།     

གཉིས།  འབྲས་སྐྲན་གྱི་རིགས་སྔོན་འགོག་བྱེད་པར་ནུས་པ་ཐོན་ཐུབ།   

གསུམ།  མིག་ཇེ་གསལ་ཏུ་གཏོང་ཐུབ།      

བཞི།   ངལ་དུབ་སེལ་ཐུབ།     

ལྔ།    ཡིད་འཛིན་གྱི་ནུས་པ་ཇེ་བཟང་དུ་གཏོང་ཐུབ།       

དྲུག   ལུས་ཁམས་ཀྱི་མཐུན་འཕྲོད་རང་བཞིན་ཇེ་མཐོར་གཏོང་ཐུབ།     

བདུན།  ཁྲག་འཕེལ་བའི་ནུས་པ་མཐོ་རུ་གཏོང་ཐུབ།       

བརྒྱད།   རྒས་འཁོགས་སུ་མི་འགྱུར་བའི་རྒྱུན་བསྲིངས་ཐུབ།  

དགུ།   ངོ་གདོང་ཇེ་ཡག་ལ་གཏོང་ཐུབ།   

བཅུ།   སྐྱེས་པའི་ལུས་སྟོབས་རྒྱས་ཤིང་ཁམས་གསོ་བར་ཕན།   

བཅུ་གཅིག  སྐྱེས་པའི་རྒྱུད་སྤེལ་ནུས་པ་ཇེ་བཟང་དུ་གཏོང་ཐུབ།   

བཅུ་གཉིས།   ཁྲག་ཚིལ་དང་ཁྲག་ཤེད་མར་གཅོག་ཐུབ།    

བཅུ་གསུམ།  ཚོར་ཐལ་རང་བཞིན་གྱི་གཉན་ཚད་ཞི་ལྷོད་དུ་གཏོང་བའི་ནུས་པ་ལྡན།    

བཅུ་བཞི།  ཁྲག་མངར་ཇེ་དམའ་གཏོང་ཐུབ།   

བཅོ་ལྔ།   ཚོ་དཔྱངས་པའམ་ཤ་རྒྱགས་པ་མར་ཆགས་ཐུབ།     

བཅུ་དྲུག   དལ་གཤིས་ཅན་གྱི་མཆིན་ཚད་དང་། མཆིན་པ་མཁྲེགས་འགྱུར་གྱི་ནད་སེལ་བར་ཕན་པ་བཅས་རེད།