ཞི་ཅིན་ཕིང་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་མོ་ཨར་སི་པུས་ཀང་ནས་ཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཟོ་ཚོང་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-19   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།

        ཟླ་བཅུ་གཅི་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་མོ་ཨར་སི་པུས་ཀང་ནས་ཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཟོ་ཚོང་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

        ཟླ་བཅུ་གཅི་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་མོ་ཨར་སི་པུས་ཀང་ནས་ཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཟོ་ཚོང་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་དཀའ་ངལ་མཉམ་སེལ་སྒོས་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་སྟེ། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ནུས་ལྡན་བཅོས་སྐྱོང་བསམ་ཕྱོགས་འཚོལ་དགོས་ལ། དཀའ་ངལ་མཉམ་སེལ་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མཉམ་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་དར་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་ནི་ཀྲུང་གོས་འཛམ་གླིང་ཡོངས་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་ལ་མཉམ་གྲོས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་ཞེས་ནན་གྱིས་བསྟན།

        ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ནུས་ལྡན་བཅོས་སྐྱོང་བསམ་ཕྱོགས་འཚོལ་ཞིབ་བྱེད་པའི་ཐད་ལ་འདོད་ཚུལ་འགའ་བཏོན། གཅིག སྒོ་འབྱེད་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། གཉིས། འཕེལ་རྒྱས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ནུས་པ་ཇེ་ཆེར་གཏོང་དགོས། གསུམ། བཟོད་སྒོམ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མཉམ་བསྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས། བཞི། གསར་སྐྲུན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཕར་སྣོན་ཐོན་ཁུངས་གསར་སྐྲུན་བྱེད་དགོས། ལྔ། སྒྲིག་སྲོལ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་དགོས་པ་བཅས་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། བཟོ་ཚོང་ལས་རིགས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་དཔལ་འབྱོར་འཕར་སྣོན་བྱེད་པར་སྣེ་ཁྲིད་པའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཁེ་ལས་པ་རྣམས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་སོ་སོས་བཏོན་པའི་དངོས་གཉེར་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་དཔལ་འབྱོར་ལག་རྩལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་ཡོངས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་བྱས་རྗེས་འཇོག་དགོས་ཟེར།   །