དབུ་ཤོག >> བོད་ཁུལ་གསར་འགྱུར།
གློག་བརྙན་༼ང་ཡི་ཧི་མ་ལ་ཡ་༽ཞེས་པ་ཕབ་སྐྲུན་བྱེད་འགོ་བརྩམས།
རྩོམ་པ་པོ། དུས་ཚོད། 2018-11-18 རྩོམ་ཁུངས།

        ཀྲུང་དབྱང་དྲིལ་བསྒྲགས་པུའུ་གློག་བརྙན་ཅུས་དང་། གློག་བརྙན་འཕྲིན་ལམ། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་བརྩམས་ནས་བཏོན་པའི་གློག་བརྙན་༼ང་ཡི་ཧི་མ་ལ་ཡ་༽ཞེས་པ་དེ་སྤྱི་ཚེས་༡༦ཉིན་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་དངོས་སུ་པར་ལེན་བྱེད་འགོ་ཚུགས་པ་རེད།


        ང་ཡི་ཧི་མ་ལ་ཡ་ཞེས་པའི་གློག་བརྙན་དེ་ནི་༢༠༡༧ལོའི་མི་སེམས་འགུལ་བའི་ཀྲུང་གོ་བ་ཞེས་པའི་བོད་རིགས་གཅེན་གཅུང་སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་ཕུལ་བྱུང་མཛད་རྗེས་གཞིར་བཟུང་པ་ཞིག་ཡིན་པ་དང་།  དེའི་ནང་གཙོ་བོ་ཁོང་གཉིས་ཀྱིས་ཕ་འདས་པོ་སངས་རྒྱས་ཆོས་པའི་ཕུགས་རེ་གཞིར་བཟུང་སྟེ། ཁྱིམ་ནི་ཡུལ་སྨད་དང་།  རྒྱལ་ཁབ་ནི་ཀྲུང་གོ་ཡིན་པས།  ཕྱུག་འཚོ་ཞོར་མཐའ་མཚམས་སྲུང་སྐྱོང་བྱ་རྒྱུ་ནི་ལས་འགན་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ།  ལོ་བཅུ་ཁྲག་ཁ་ཤས་ཉིན་གཅིག་ལྟར་མེས་རྒྱལ་གྱི་མཐའ་མཚམས་བསྲུངས་པའི་གངས་ལྗོངས་ས་མཐོའི་མི་སེམས་འགུལ་བའི་གཏམ་བརྒྱུད་མཚོན་པའི་གློག་བརྙན་ཞིག་ཡིན།