ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་ཏེ་སྣེ་གདོང་ནས་ཟངས་རིའི་བར་གྱི་ལས་གྲྭ་མཇུག་སྒྲིལ་པའི་དུས་སུ་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-16   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།


        ཉེ་ཆར། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་ཅུས་ལྔ་པ་ནས་ཤེས་རྟོགས་བྱུང་པར་གཞིགས་ན། དུས་ཡུན་ལོ་ངོ3ལྷག་ཙམ་རིང་འབད་འཐབ་བྱས་པ་བརྒྱུད་། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་ཏེ་སྣེ་གདོང་ནས་ཟངས་རིའི་བར་གྱི་ལས་གྲྭའི་གཙོ་གཞིའི་ལས་རིམ་ཉེ་ཆར་ལས་མཇུག་སྒྲིལ་ནས་མཐའ་མཇུག་གི་དུས་མཚམས་སུ་སླེབས་ཡོད་འདུག

        ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་ཏེ་སྣེ་གདོང་ནས་ཟངས་རིའི་བར་གྱི་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ22ཡོད་ཅིང་། དེའི་ལས་གྲྭ་གཙོ་བོར་ཕུག་ལམ2དང་ཟམ་པ6། རླངས་འཁོར་ས་ཚིགས2། དེའི་ནང་སྨིན་རྩེ་ཟམ་ཆེན་དང་རྩེད་ཐང་ཕུག་ལམ་ནི་གལ་ཆེན་་དང་དཀའ་གནད་ཆེ་བའི་ལས་གྲྭ་ཡིན་ཏེ། རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་ས་གཤིས་ཁོར་ཡུག་དང་། མཐོ་གྲང་དབྱང་རླུང་དཀོན་པ།ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་ཀྱིས་ཨར་སྐྲུན་དཀའ་ཚེགས་ཆེ་རུ་ཕྱིན་ནས་མི་ཤུགས་དང་འཕྲུལ་ཆས་ཀྱི་ལས་ཕྱོད་ཇེ་དམའ་རུ་བཏང་ཡོད་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་དཀའ་ཚད་ཀྱང་དེ་བས་ཆེན་པོར་ཆགས་ཡོད་པ་རེད།

        “སྨིན་རྩེ་ཟམ་ཆེན་བསྐྲུན་པ་དེས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཇེ་དམར་གཏོང་ཆེད། ཨར་ལས་ཁྲོད་ཁུང་འབིགས་ཀྱི་འདམ་བག་ཡོད་ཚད་འཁོར་སྒམ་ཅན་གྱི་འདྲུད་འཁོར་ནང་དྲངས་ནས་གཅིག་སྡུད་ཐག་གཅོད་བྱས་པ་དང་། བཟོ་སྐྲུན་གྱི་སྙིགས་རོ་ནི་གད་སྙིགས་ར་བར་དབོར་གྱི་ཡོད་ཅེས”སྨིན་རྩེ་ཟམ་ཆེན་གྱི་ལས་གཞིའི་ཡུལ་དངོས་ཀྱི་འགན་ཁུར་པ་ཏིང་ཝུན་ཀྲུང་གིས་དེ་སྐད་བརྗོད་བྱུང་།

        མིག་སྔའི་བར་དུ། ལྷ་ཉིང་དུམ་བུའི་སྣེ་གདོང་ནས་ཟངས་རིའི་བར་གྱི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ་དང་། ལམ་ངོས་ཀྱི་ས་རྡོའི་ལྷམ་པ་དང་ལམ་གཞིའི་ཞོར་གཏོགས་ལས་གྲྭ་ཡང་ལེགས་གྲུབ་བྱུང་ཡོད། གཙོ་གནད་ལས་གྲྭ་སྟེ་རྩེད་ཐང་ཕུག་ལམ་ནི2017ལོའི་ཟླ11པར་ཤར་གཏོང་ཐུབ་པ་དང་། ཕུག་ལམ་སྲུང་དྲའི་རྡོ་ཧྲུག་ཀྱང2019ལོའི་ཟླ4པ་ནས་བཟུང་ལས་འགོ་བཙུགས་ཏེ་སྔོན་དཔག་བྱས་ན2019ལོའི་ཟླ6པར་མཇུག་འགྲིལ་རྒྱུ་རེད།

        ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ནི་ལྷ་ས་གྲོང་ཁྱེར་ནས་འགོ་བཙུགས་ཏེ་ཉིང་ཁྲི་གྲོང་ཁྱེར་ནས་མཇུག་སྒྲིག་རྒྱུ་ཡིན་ལ། ཡར་ཀླུང་གཙང་པོའི་བཞུར་རྒྱུན་ལྟར་འཛུགས་བསྐྲུན་གནང་ཡོད་པ་རེད། ལྕགས་ལམ་དེའི་ཁྱོན་རིང་ཚད་ལ་སྤྱི་ལེ435ཡོད་པ་དང་འཛུགས་སྐྲུན་ལས་ཡུན་ལོ7ཡིན་ཞིང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ160འཆར་འགོད་གནང་ཡོད་པས། དེ་ནི་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་རེད།.

        ཡོད་ཚད་བོད་སྐྱོད་ལྕགས་ལམ་ཡིན་པའི་ཆ་ནས། ཅིའི་ཕྱིར་ཁྲོན་བོད་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་ལས་བསྐྲུན་དཀའ་ཞིང་མ་དངུལ་འབོར་ཆེན་གཏོང་དགོས་ན་ཡང་བསྐྲུན་དགོས་པ་རེད་ཅེ་ན།

        ཚང་མས་མཁྱེན་གསལ་ལྟར། མཚོ་བོད་ལྕགས་ལམ་ལ་མཁའ་ལམ་ཞེས་འབོད་སྲོལ་ཡོད་མོད། དེ་ལྟར་ནའང་དོན་དངོས་ཐོག་མཁའ་ལམ་ནི་མཚོ་བོད་ལྕགས་ལམ་གཅིག་པུ་ཙམ་མིན་པར། ངོ་མཚར་ཆེ་བའི་ལམ་ཧ་ཅང་མང་པོ་ཞིག་འཆར་འགོད་དང་འཛུགས་སྐྲུན་བྱེད་ཀྱིན་པའི་སྒང་ཡིན་ལ། དཔེར་ན་ཁྲོན་བོད་ལྕགས་ལམ་ལྟ་བུ་སྟེ“མཁའ་ལམ”ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། ཁྲེང་ཏུའུ་ཡི་འབབ་ཚིགས་ལྷོ་མ་ནས་འགོ་བཙུགས་ཏེ་ཕུའུ་ཅང་གཙང་པོ་དང་གཡག་རྔ། དར་རྩེ་མདོ།  ལི་ཐང་། འབའ་ཐང་བརྒྱུད་འབྲི་ཆུ་བརྒལ་ཏེ་བོད་ཀྱི་མཛོ་སྒང་ལ་སླེབས་པ་དང་། དེ་ནས་སླར་ཡང་དཔའ་ཤོད་དང་ར་འོག   སྤོ་བོ།  ཉིང་ཁྲི།   སྨན་གླིང་། སྣང་རྫོང་སོགས་བརྒྱུད་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་འབྱོར་ཐུབ་ཅིང་། སྤྱིའི་རིང་ཚད་ལ་སྟོང་སྨི1659ཡས་མས་ཟིན་གྱི་ཡོད། ཁྲོན་བོད་ལྕགས་ལམ་ལ་ལམ་དུམ་བུ་ཆེ་གྲས་ཁག་གསུམ་སྟེ། ཁྲེང་ཏུའུ་ནས་དར་རྩེ་མདོའི་ལྕགས་ལམ་དང་། དར་རྩེ་མདོ་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ། ལྷ་ས་ནས་ཉིང་ཁྲིའི་ལྕགས་ལམ་བཅས་འདུས་ཡོད་དོ།

དེ་ཡང་བོད་དུ་བསྐྱོད་པའི་འགྲོ་ལམ་ཆེ་གྲས་ཤིག་ཡིན་པའི་ཆ་ནས། ཁྲོན་བོད་ལྕགས་ལམ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ལྕགས་ལམ་དུ་གྲགས་ཡོད་ཅིང་། མཚོ་བོད་ལྕགས་ལམ་དང་བསྡུར་ན་ཁྲོན་བོད་ལྕགས་ལམ་གྱི་ས་གཤིས་ཁོར་ཡུག་སྔར་བས་ཚབས་ཆེན་ལ་ཁ་གཏད་ཡོད་ལ། མཚོ་བོད་ལྕགས་ལམ་ནི་གྱེན་ལ་གསེག་ཡོད་དེ་མཚོ་བོད་ལྕགས་ལམ་བསྐྲུན་པའི་གནད་དོན་གཙོ་བོ་ནི་འཁྱགས་སའི་གནད་དོན་ཡིན་ཞིང་། དེར་གངས་རུད་དང་བྱེ་ཐང་། ན་འདམ་སོགས་གནད་དོན་གཞན་ཐོན་མི་སྲིད་ཅིང་། ལམ་ཐིག་མང་ཆེ་བའི་ས་གནས་ཀྱི་ས་བབ་ཅུང་སྙོམས་པོ་རེད། འོན་ཀྱང་ཁྲོན་བོད་ལམ་རྒྱུད་ནི་དེ་དང་གཏན་ནས་འདྲ་བོ་མིན་ཏེ། དེས་གདོང་གཏད་སའི་ས་གཤིས་ཁོར་ཡུག་ལའང་ཁྱད་པར་ཆེན་པོ་ཡོད་དེ། འཁྱག་སའི་གནད་དོན་ཐོན་ཡོད་པ་མ་ཟད་ད་དུང་གངས་རུད་དང་ས་ཡོམ་མང་བའི་ཁུལ།  ཆུས་དྲུས་བྲག་ཕུག  ས་འོག་གི་ཆུ་བོ་སོགས་ཀྱི་རྙོག་འཛིང་ཆེ་བའི་ས་གཤིས་ཁོར་ཡུག་དང་འཕྲད་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་ནི་སི་ཁྲོན་གཤོང་ས་དང་ཡུན་ཀུའེ་མཐོ་སྒང་།མཚོ་བོད་ས་མཐོ་གསུམ་གྱི་རིམ་པ་མཐོན་པོ་ཞིག་བརྒལ་དགོས་ཤིང་། སྐས་རིམ་རྣམ་པའི་ཐོག་ནས་ཡར་ལ་གསེག་ཡོད་པས་ཁྲོན་བོད་ལྕགས་ལམ་བསྐྲུན་གྱི་མ་འཇོག་དེ་མཚོ་བོད་ལྕགས་ལམ་གྱི་ལྡབ5ཡན་རེད།

        ཁྲོན་བོད་ལྕགས་ལམ་རྒྱུད་ཀྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ཞིང་ལོ་མིང་ལ་ས་འཁྱགས་པ། ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པ། ཕན་ཚུན་སྣོལ་བ། ས་རྡོ་ཉུལ་བ།  ས་ཡོམ་མང་པའི་ས་ཆ། ཚ་ནུས། བྲག་རྡོ་གས་པ་སོགས་ས་གཤིས་གནོད་འཚེ་ཚབས་ཆེན་ལྡན་པ་དང་། དེ་སྔར་མཚོ་བོད་དང་ཁྲོན་བོད། ཀན་བོད་བཅས་ལམ་ཐིག་གསུམ་དང་བསྡུར་ན་ཁྲོན་བོད་ལྕགས་ལམ་བསྐྲུན་པའི་ཐད་དཀའ་ཚེགས་ཆེ་བ་དང་མ་འཇོག་གཏོང་མང་བ་སོགས་ཀྱི་རྐྱེན་པས་གནས་སྐབས་ཟུར་དུ་འཇོག་དགོས་བྱུང་ཡོད་པ་རེད།


ཁྲོན་བོད་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གྱིས་ས་གཤིས་ཁོར་ཡུག་ཁྱོན་ནས་མི་འདྲ་སྟེ། ཁྲོན་བོད་ལྕགས་ལམ“སྐས་རིམ་ཡར་གསེག”ཁྲོད་མངོན་གསལ་དོད་པའི་ས་བབ་མཐོ་དམན་མེད་པར་བཟོ་ཆེད། ཁྲོན་བོད་ལྕགས་ལམ་ལ་ཟམ་དང་་ཕུག་ལམ་མང་པོ་ལག་བསྟར་བྱས་ཡོད་ཅིང་། ལམ་ཐིག་ཧྲིལ་པོར་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་བརྒྱ་ཆའི་བརྒྱད་ཅུ་གྱ་གཅིག་ལ་སླེབས་ཡོད་པ་རེད། ཐོག་མའི་འཆར་གཞིའི་ཁྲོད། མཚོ་བོད་ལྕགས་ལམ་གྱི་སྔོན་རྩིས་མ་དངུལ་ནི་སྒོར་དུང་ཕྱུར139.2ཡིན་ལ། མ་ཟད་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་བསམ་གྲུབ་གླིང་ཕུག་ལམ་དང་དཔའ་ཤོད་ཕུག་ལམ། དེ་བཞིན་དཔའ་ཤོད་ཡར་ཀླུང་གཙང་པོའི་ལམ་ཐིག་གསུམ་གྱི་ཟམ་ཆེན་བཅས་དེ་དག་ནི་གངས་ཏི་སེ་དང་གཉན་ཆེན་ཐང་ལྷ། རི་བོ་ཧི་མ་ལ་ཡའི་བར་གྱི་བོད་ལྷོ་རྒྱུད་ཀྱི་གཤོངས་སར་གཏོགས་ཤིང་། ས་བབ་ཧ་ཅང་ཛ་དྲག་ཡིན་པས་འཛུགས་སྐྲུན་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད། སྤྱིར་བཏང་ལམ་ཐིག་རྐྱང་པ་ཡིན་ནའང་ལམ་ཐིག་ཡོངས་ཀྱི་སྤྱིའི་རིང་ཚད་སྟོང་རྨིད403ཡིན་པས་ལས་གྲྭ་རྐྱང་པར་མ་དངུལ་སྒོར་དུང་ཕྱུར359.8ཟིན་ཏེ་སྟོང་རྨིད་རེར་ཧ་ལམ་མ་དངུལ་སྒོར8500 ཙམ་བཏང་ཡོད་པ་རེད། དེ་ནི་བདེ་ཐང་ས་ཁུལ་ལ་མྱུར་བགྲོད་ལྕགས་ལམ་བསྐྲུན་པར་སྟོང་རྨིད་རེར་མ་དངུལ་སྒོར་དུང་ཕྱུར1ལ་ཉེ་བའི་ཚད་གཞི་དང་ཉེ་བ་ཡིན་ལ། ད་དུང་ཁྲེང་ཏུའུ་ནས་དར་རྩེ་མདོ་བར(ར་རྔ་ཟམ་པ) གྱི་དུམ་བུའི་རྣམ་གྲངས་དེར་ཧ་ལམ་ཁྱོན་མ་དངུལ་སྒོར་དུང་ཕྱུར246.4བཏང་ཡོད་ལ། སྔོན་དཔག་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར370 ལྷག་ཡིན། ཁྲོན་བོད་ལྕགས་ལམ་ཧྲིལ་པོའི་ལས་གྲྭར་སྔོན་རྩིས་སྒོར་དུང་ཕྱུར700ལྷག་ཟིན་ཡོད་པས་དེ་ནི་མཚོ་བོད་ལྕགས་ལམ་དང་བསྡུར་ན་ཧེ་བག་ལྡབ5ཡན་ཡིན་པ་རེད། དེར་བརྟེན། ཁྲོན་བོད་ལྕགས་ལམ་བསྐྲུན་པ་མ་རྩ་དམའ་པོ་མེད་པས་འདི་ཡང་དེ་སྔ་མཚོ་བོད་དང་ཁྲོན་བོད། ཀན་བོད་བཅས་ལམ་ཐིག་གསུམ་དང་བསྡུར་ན་ཁྲོན་བོད་ལྕགས་ལམ་ནི་གནས་སྐབས་ཟུར་དུ་འཇོག་དགོས་པའི་རྒྱུ་རྐྱེན་རེད།

ཁྲོན་བོད་ལྕགས་ལམ་ནི་གཅིག་བྱས་ན་རྒྱལ་ཡོངས་རིམ་ངོས་ནས་ལྕགས་ལམ་འཛུགས་སྐྲུན་ཐད་མ་དངུལ་ཐད་རྩོད་གླེང་འགའ་རེ་འབྱུང་སྲིད་མོད། འོན་ཀྱང་ཁྲོན་བོད་ལྕགས་ལམ་དེ་བསྐྲུན་རྗེས་དེ་ལས་དཔལ་འབྱོར་གྱི་ཁེ་ཕན་ནི་ཆེན་པོ་བསྐྲུན་ཐུབ་ངེས་རེད། ལས་རིམ་རྗེས་མར་བསམ་བློ་བཏང་ཆོག་སྟེ། ཁྲོན་བོད་ལྕགས་ལམ་བསྐྲུན་རྗེས། བོད་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་48%དང་དངོས་ཟོག41% སྐྱེལ་འདྲེན་བྱེད་ཐུབ་པར་གྱུར་ནས་སི་ཁྲོན་ནུབ་ཕྱོགས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར།ཉིང་ཁྲི་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་རྗེས་ལུས་ཡིན་པར་རྨང་ནས་བཅོས་བསྒྱུར་བྱ་ཐུབ། བོད་ལྗོངས་དང་དེ་བཞིན་ལམ་རྒྱུད་ས་ཁུལ་གྱི་ཤར་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཁྲོན་བོད་ལྕགས་ལམ་དེ་ཁྲེང་ཏུའུ་ལྕགས་ལམ་གྱི་ལྟེ་བ་བརྒྱུད་ཧྲང་ཧའེ་དང་ཝུའུ་ཧན། ཁྲེང་ཏུའུ་སོགས་ཀྱི་མྱུར་བགྲོད་ལྕགས་ལམ་དང་སྦྲེལ་ཐུབ་པར་གྱུར་ནས་ཀྲུང་ཧྭའི་དབུས་རྒྱུད་དང་ཤར་རྒྱུད་ས་ཁུལ་དུ་ཤར་གཏོང་ཐུབ་ལ། ཁྲེང་ཏུའུ་ནས་ཁྲུང་ཆིང་དང་ཁྲུང་ཆིང་ནས་ཧེ་ལུང་ཅང་། ཀུའེ་ཀྲོའུ་ནས་ཀོང་ཏུང་སོགས་བར་གྱི་ལྕགས་ལམ་ལ་སྦྲེལ་ནས་མཚོ་རྒྱུད་ས་ཁུལ་དུ་བགྲོད་ཐུབ་པར་གྱུར་ཏེ་བོད་འབྲི་ཆུ་ཟུར་གསུམ་ས་ཁུལ་དངཀྲུའུ་ཅང་གཙང་པོའི་ཟུར་གསུམ་ས་ཁུལ་གྱི་དཔལ་འབྱོར་གླིང་ཁུལ་ཆེ་གྲས་གཉིས་དང་སྦྲེལ་མཐུད་ཐུབ་པའི་ལྕགས་ལམ་དུ་འགྱུར་ངེས་ལ།སྔར་ལས་ལྷག་པའི་སྒོ་ནས་བོད་དང་ཀྲུང་ཧྭའི་དབུས་ཤར་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་པའི་དུས་མཚུངས་སུ་ས་ཁོངས་བར་དཔལ་འབྱོར་ཐད་ཕན་ཚུན་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད་ཐད་འགྲིམ་འགྲུལ་གྱི་རོགས་འདེགས་གལ་ཆེན་མཁོ་འདོན་བྱས་ཡོད། བསྐྲུན་ཚར་རྗེས་ཁྲེང་ཏུའུ་ནས་ལྷ་སར་གཏོང་འགོ་ཚུགས་པའི་ཤུགས་འགྲེམས་མེ་འཁོར་ལ་ཆུ་ཚོད10ཙམ་ལས་འགོར་གྱི་མེད་ཅིང་། “ ཕྱུག་པོར་འགྱུར་ནས་སྔོན་ལ་ལམ་བཟོ་དགོས”ཞེས་པའི་ཐོག་ནས་འགྲིམ་འགྲུལ་སྟབས་བདེ་ནི་ཕྱུག་འགྱུར་ཐད་ཤིན་ཏུ་གལ་ཆེ་བ་བསྟན་ཡོད་ལ། ཕྱུག་པོར་འགྱུར་འདོད་ན་འགྲིམ་འགྲུལ་ངེས་པར་དུ་འཕེལ་རྒྱས་སུ་ཕྱིན་ན་ད་གཟོད་ཟོག་འདྲེན་ཤར་གཏོང་ཐུབ་པར་དོགས་སྣང་ཅི་ཡང་མེད་ཅིང་། ཁྲོན་བོད་ལྕགས་ལམ་བསྐྲུན་པའི་གལ་ཆེའི་རང་བཞིན་དང་གོ་གནས་ནི་མཚོ་བོད་ལྕགས་ལམ་གྱི་འགྲན་ཐབས་ཡོད་པ་མ་རེད། །