ཡུན་བོད་བརྒྱུད་ལམ་སྟེང་གི་ཀོང་རྩེད་ར་གྲོང་རྡལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        2006ལོའི་ཟླ་5པར། འཇོལ་རྫོང་ཀོང་རྩེད་རའི་བོད་ཀྱི་གྲོང་ཚོ་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཁག་གཉིས་པའི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ་གྱི་མིང་རྟགས་བཀོད་ནས་ཡོངས་བསྒྲགས་བྱས་པ་རེད།


        ཀོང་རྩེད་ར་གྲོང་རྡལ་དེ་འཇོལ་རྫོང་གི་ཤར་ལྷོའི་མཚམས་དང་བོད་ཡུན་བར་གྱི་བརྒྱུད་ལམ་གཙོ་བོ། པདྨ་རི་བོའི་འདབས་རོལ་གྱི་འབྲི་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སྡེ་རོང་རྫོང་རྩེ་དགུ་ཤང་དང་གཙང་བོའི་ཕར་ཚུར་དུ་ཁ་གཏད་ཀྱིས་ཆགས་ཡོད་དེ། དམིགས་སུ་ཐོན་པའི་སྐམ་གཤིས་ཆེ་བའི་ཆུ་གཞུང་གནམ་ཟླ་ཡིན་པ་རེད།

        ཀོང་རྩེད་རའི་སྐོར་བྲོའི་ལོ་རྒྱུས་རྒྱུན་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་སྟེ། སྲོལ་རྒྱུན་གྱི་ཀུན་སྤྱོད་དང་མཛེས་དཔྱོད་ཀྱི་ལྟ་བ། རིན་ཐང་ལྟ་བ། དེ་མིན་སྲོལ་རྒྱུན་གྱི་འཚོ་བའི་གོམས་གཤིས། དུས་སྟོན་སོགས་རྒྱུད་འཛིན་ལེགས་པོ་བྱས་ཡོད་པ་རེད། གཞན་ད་དུང་བོད་ལུགས་ཀྱི་རི་མོ་དང་ཀོང་རྩེད་རའི་སྲོལ་རྒྱུན་གྱི་བོད་ལྭ། ཞྭ་མོ་ཚེ་རིང་སྐྱིན་ཁེབས། ཤིང་ཕོར། རྩམ་གཞོང་། བོད་ཀྱི་ཅོག་ཙེ་སོགས་ཀྱི་འབྲེལ་ཡོད་བཟོ་རྩལ་རྒྱུད་འཛིན་བྱས་ཡོད།


        ཀོང་རྩེད་རའི་རང་བྱུང་གི་ཆ་རྐྱེན་བཟང་བས།གྲོང་ཚོའི་ནང་དུ་གནའ་བོའི་ཤིང་སྡོང་གྲགས་ཅན་ཡོད་ལ།  རི་འདབས་སུ་ཆགས་ཡོད་པའི་གྲོང་ཚོའི་འགྲམ་རྒྱུད་ན་འབྲུ་ཆུ་སྔོན་མོ་ངལ་བ་མེད་པར་ལྷུང་ལྷུང་དུ་འབབ་བཞིན་ཡོད།ས་གནས་ཀྱི་སྡོད་ཁང་དང་གྲོང་ཚོའི་ཆགས་སྟངས་སྤྱིའི་ཆ་ནས་སྲོལ་རྒྱུན་གྱི་རྣམ་པ་རྒྱུད་འཛིན་བྱས་ཡོད་དེ།ཤིང་གི་བརྐོས་བརྒྱབ་ཡོད་པའི་བོད་ཁང་གིས་99%ཟིན་ཡོད་ལ། ད་སྔའི་བར་སྲུང་སྐྱོབ་ཅུང་བཟང་བའི་བོད་ཀྱི་གྲོང་ཚོ་ཞིག་ཡིན་པ་རེད།

        ཀོང་རྩེད་ར་གྲོང་ཚོ་ན་ལོ་རེར་རི་སྙིང་གནས་རིར་ཆོས་སྐོར་ལ་འགྲོ་བའི་ཆོས་ལུགས་བྱེད་སྒོ་ཡོད་པ་རེད།

        བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཀོང་རྩེད་རའི་སྐོར་བྲོ་གནས་འདིར་ཧ་ཅང་རྒྱུག་ཆེ་ལ། བོད་ཁུལ་ཡོངས་ན་ཡང་སྙན་པའི་གྲགས་པ་ངེས་ཅན་ཞིག་ལྡན་པ་མ་ཟད། དམངས་ཁྲོད་ཀྱི་རོལ་རྩེད་རྣམ་པའི་གླུ་གར་ཞིག་འཕེལ་རྒྱས་བྱུང་ནས་ས་གནས་མི་རིགས་མཚོན་ཐུབ་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་པ་ཞིག་ཏུ་གྲུབ་ཡོད། དེ་མིན་རྒྱལ་ཁོངས་ནས་བརྒལ་དེ་འཇར་པན་དང་སིང་ཀ་ཕོར། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཁག་ལ་སོང་ནས་འཁྲབ་སྟོན་བྱས་པ་རེད། 2013ལོར་ཀོང་རྩེད་རའི་སྐོར་བྲོ་ཡུན་ནན་ཞིང་ཆེན་གྱི་སྐབས་བརྒྱད་པའི་མི་རིགས་དམངས་ཁྲོད་གླུ་གར་འཁྲབ་སྟོན་གྱི་འགྲན་བསྡུར་ལ་ཞུགས་པ་མ་ཟད། བྱ་དགའ་ཨང་དང་བོ་བླངས་པ་རེད། ད་ལོའི་ཟླ་9པར་ཀོང་རྩེད་ར་གྲོང་རྡལ་ལ་“ཀྲུང་གོའི་སྐོར་བྲོའི་རིག་གནས་ཀྱི་ཕ་སའི་”མཚན་སྙན་ཐོབ་པ་རེད།

        ཀོང་རྩེད་རའི་བོད་ལྭ་གྱོན་སྐབས་སུ་བྱུ་རུ་དང་མ་ན་ཧོ། གཡུ། དུང་གི་འགྱུར་རྡོ་སོགས་འདོགས་སྟངས་ཡོད་ལ། རྒྱན་ཆ་འདི་དག་ནི་མི་རབས་ནས་མི་རབས་ལ་བསགས་ནས་ཡོང་བའི་རྒྱུ་ནོར་ཡོད་ཚད་ཡིན་པས། གྱོན་པའི་སྐབས་སུ་ཧ་ཅང་རྒྱས་སྤྲས་ཡིན་པའི་སྣང་བ་ཞིག་ལྡན་ཞིང་། འདིས་ཡང་བོད་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རྒྱས་མཚོན་པ་རེད། 2013ལོའི་ཟླ་བ་11པར་འཇོལ་རྫོང་གི་བོད་ལྭ་འདི་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཁག་གསུམ་པའི་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་བྱེད་རང་བཞིན་ཅན་གྱི་མིང་ཐོའི་ནང་བདམས་ཤིང་ཡོངས་བསྒྲགས་བྱས་པ་རེད།