.ཁུལ་ཡོངས་ཀྱི་གཙོ་ཆེའི་རྣམ་གྲངས་གསོག་འཇོག་དང་དུས་འགོའི་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-11   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ11པའི་2ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་གཙོ་ཆེའི་རྣམ་གྲངས་གསོག་འཇོག་དང་དུས་འགོའི་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་།   ཁུལ་དཔོན་ཆི་ཅན་ཞིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།  ཁོང་གིས་ད་ལོའི་དུས་ཚིགས་སྔོན་མ་གསུམ་དུ་རང་ཁུལ་ལ་རྣམ་གྲངས་གསོག་འཇོག་མི་འདང་བ་དང་། སྲུང་སྐྱོང་དང་དར་འཕེལ་གྱི་འགལ་བ་འབུར་དུ་ཐོན་པ།  རྣམ་གྲངས་འཛུགས་སྐྲུན་དེ་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པ།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་སྲིད་ཇུས་གསལ་པོ་མི་རྟོགས་པ་དང་།  ཁུལ་དང་རྫོང་གི་གནས་ཚུལ་གསལ་པོ་མི་རྟོགས་པ།  རྣམ་གྲངས་ལ་ཇུས་འགོད་མི་འདང་བ་སོགས་ཀྱི་གནད་དོན་གནས་ཡོད་པ་དང་།  རྣམ་གྲངས་གསོག་འཇོག་ནི་ཁུལ་ཡོངས་ཀྱི་དར་འཕེལ་གྱི་ཁྱོན་ཡོངས་ལ་འབྲེལ་བ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་གསོག་འཇོག་ལ་ཚད་མཐོའི་མཐོང་ཆེན་གནང་དགོས་ཏེ། ཁུལ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་གསོག་འཇོག་ཡག་པོ་བྱེད་དགོས་པ་དང་། རྣམ་གྲངས་གསོག་འཇོག་མཐོར་བཏང་ནས་རྣམ་གྲངས་ལ་མ་འཇོག་འཕར་སྣོན་ཆེན་པོ་མངོན་དུ་འགྱུར་དགོས།  ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བསྐྱོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་པ་དང་།  རང་ཁུལ་དང་རྒྱལ་ཡོངས།ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།