འབའ་ལུང་རྫོང་གིས་2018ལོའི་ཧྲང་ཧའེ་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་གྲོས་མོལ་འགྲེམས་འཚོང་དུ་ཞུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        ཉེ་སྔོན།འབའ་ལུང་རྫོང་དཔལ་འབྱོར་ཚོང་དོན་འཐུས་ཚབ་ཚོགས་པ་2018ལོའི་ཧྲང་ཧའེ་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་གྲོས་མོལ་འགྲེམས་འཚོང་ཚོང་འདུས་སུ་ཞུགས་པ་དང་།  ཁྱོན་བསྡོམས་ཁེ་ལས་6་གི་ཚོང་ཟོག་རིགས་80ལྷག་ཚོང་འདུས་ཐོག་སྟོན་ཡོད་ལ།  རིན་གོང་སྒོར་ཁྲི་32ལྷག་གིས་ཚོང་ཟོག་བཙོང་འདུག་པ་དང་།  ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་ཁེ་ལས་དག་དང་ཉོ་འཚོང་གན་རྒྱ་གཉིས་འཇོག་པ་རེད།