ཁྲིན་ཏུའུ་ནས་བདེ་ཆེན་དང་ལྷ་སའི་བར་ལ་འཁོར་འགྲོ་གནམ་ལམ་གསར་དུ་གཏོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ11པའི་ཚེས6ཉིན།བོད་ལྗོངས་མཁའ་འགྲུལ་གྱི་ལན་གྲངས་TV9839ཐང་བབས་པ་དེ་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཁྲིན་ཏུའུ་ནས་བདེ་ཆེན་དང་།དེ་ནས་ལྷ་ས་དང་།གཞན་ལྷ་ས་ནས་བདེ་ཆེན་དང་།དེ་ནས་ཁྲིན་ཏུའུ་བར་གྱི་ཁ་གཏད་འཕུར་སྐྱོད་ཀྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ་རེད།གནམ་གྲུའི་ཨང་རྟགས་ནི་TV9839/TV9840ཡིན་པ་དང་།ཉིན་རེར་ཐེངས་གཅིག་རེ་འཕུར་བ་རེད།འཕུར་སྐྱོད་དུས་ཚོད་ནི།ཁྲིན་ཏུའུ་ནས་བདེ་ཆེན་ནི་དུས་ཚོད་11:15-12:50དང་།བདེ་ཆེན་ནས་ལྷ་ས་ནི་དུས་ཚོད་13:30-15:50ཡིན་པ་རེད།ལྷ་ས་ནས་བདེ་ཆེན་ནི་དུས་ཚོད་12:30-14:15དང་།བདེ་ཆེན་ནས་ཁྲིན་ཏུའུ་ནི་དུས་ཚོད་15:05-16:25ཡིན་པ་རེད།

        བདེ་ཆེན་གནམ་གྲུ་ཐང་ནི་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ཏན་ཁྲོན་བོད་མཉམ་འབྲེལ་གྱི་དཔལ་འབྱོར་བགྲོད་ལམ་འཛུགས་སྐྲུན་ནང་ཞུགས་རྒྱུ་དེ་གཞི་ཚུགས་ནས།སྔ་རྗེས་སུ་བདེ་ཆེན་ནས་ལྷ་ས་དང་།བདེ་ཆེན་ནས་ཁྲིན་ཏུའུ་བར་གྱི་མཁའ་ལམ་ཤར་གཏོང་བྱས་ནས།ས་ཁུལ་གསུམ་གྱི་དཔལ་འབྱོར་འཕེལ་རྒྱས་དང་།ཡུལ་སྐོར་གསར་སྤེལ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་རེད།ཉེ་བའི་ལོ་འགའི་རིང་།ཁྲིན་ཏུའུ་དང་བདེ་ཆེན།བོད་ལྗོངས་བཅས་ས་ཁུལ་གསུམ་གྱི་སྲིད་དོན་དང་།དཔལ་འབྱོར་ཚོང་དོན།ཡུལ་སྐོར་འགྲོ་འོང་བྱེད་ཚད་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།བདེ་ཆེན་གནམ་གྲུ་ཐང་གི་ཁྲིན་ཏུའུ་ནས་བདེ་ཆེན་དང་།བདེ་ཆེན་ནས་ལྷ་སར་འཕུར་བའི་འགྲུལ་ཁུངས་ཀྱི་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེ་བས།མིག་སྔའི་གནམ་གྲུ་སྐྱེལ་འདྲེལ་གྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད།

        ཁྲིན་ཏུའུ་ནས་བདེ་ཆེན་དང་།དེ་ནས་ལྷ་སའི་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ་དེ་དགུན་དུས་སུ་བདེ་ཆེན་ནས་ཁྲིན་ཏུའུ་དང་།བདེ་ཆེན་ནས་ལྷ་སའི་བར་ལ་ཉིན་རེར་མཁའ་འགྲུལ་ཐེངས་2རེ་གཏོང་བར་འགན་སྲུང་བྱས་ནས།གོམ་གང་མདུན་སྤོས་ཀྱིས་ས་ཁུལ་གསུམ་བར་ལ་སྟབས་བདེ་སྐྲུན་པ་མ་ཟད།ས་ཁུལ་གསུམ་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་ཡུལ་སྐོར་འཕེལ་རྒྱས་གཏོང་བར་གལ་ཆེའི་དོན་སྙིང་ལྡན་པ་རེད།གོམ་སྟབས་རྗེས་མར།བདེ་ཆེན་གནམ་གྲུ་ཐང་གིས་དངོས་ཡོད་དང་ཟུང་འབྲེལ་བྱས་ནས།སྔར་ལས་ལྷག་པའི་སྒོ་ནས་ཏན་ཁྲོན་བོད་ཀྱི་བགྲོད་ལམ་ཆེན་མོ་དང་།འབྲེལ་མཐུད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།ཕྱོགས་ཡོངས་ནས་ཚོགས་པས་ལོ་ལྔ་ཚན་བཅུ་གསུམ་གྱི་འཐབ་ཇུས་དམིགས་འབེན་དོན་འཁྱོལ་ལ་སྐུལ་འདེད་བྱེད་རྒྱུ་རེད།