ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོ་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-07   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།

        ཟླ11པའི་ཚེས5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འདུ་ཚོགས་སྐབས་དང་པོ་ཧྲང་ཧེ་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཡིག་ལ་གསར་གཏོད་དཀྱེལ་ཡངས་ཀྱི་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་དགོས་ཞེས་པའི་གཙོ་དོན་གསུང་བཤད་གནང་། འདི་ནི་འདུ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྔོན་ལ། ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་མཉམ་པར་རེད།


        ཟླ11པའི་ཚེས5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འདུ་ཚོགས་སྐབས་དང་པོ་ཧྲང་ཧེ་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཡིག་ལ་གསར་གཏོད་དཀྱེལ་ཡངས་ཀྱི་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་དགོས་ཞེས་པའི་གཙོ་དོན་གསུང་བཤད་གནང་། འདི་ནི་འདུ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྔོན་ལ། ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་མཉམ་པར་རེད།


        ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོ་ཚེས་ལྔ་ཉིན་ཧྲང་ཧེ་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འདུ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་ གསར་གཏོད་དཀྱེལ་ཡངས་ཀྱི་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་དགོས་ཞེས་པའི་གཙོ་དོན་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཏེ་སྒོ་འབྱེད་མཉམ་ལས་བྱེད་པ་ནི་རྒྱལ་སྤྱིའི་འབྱོར་འཚོང་གསོན་ཤུགས་ཇེ་དྲག་ཏུ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཡིན་པ་དང་། དེང་སྐབས་ལ་རྐང་བཙུགས་ནས་སྒོ་འབྱེད་མཉམ་ལས་བྱེད་པ་ནི་འཛམ་གླིང་གི་དཔལ་འབྱོར་གཏན་འཇགས་ངང་བསྐྱར་དར་འབྱུང་བར་བྱེད་པའི་དངོས་ཡོད་བླང་བྱ་ཡིན་ལ། མ་འོངས་པར་རྒྱང་ལྟ་བྱས་ཏེ་སྒོ་འབྱེད་མཉམ་ལས་བྱེད་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་གོང་དུ་སྤེལ་བའི་དུས་རབས་ཀྱི་རེ་བ་ཡིན་པས། རྒྱལ་ཁབ་ཚང་མས་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱས་ནས། མིའི་རིགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས། ཀྲུང་གོས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་མཚམས་འཇོག་མི་སྲིད་པ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་མཚམས་འཇོག་མི་སྲིད་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་གོམ་སྟབས་མཚམས་འཇོག་མི་སྲིད་ཟེར།
        སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཞེ་ལྔའི་སྟེང་ཞི་ཅིན་ཕིང་ཕྱི་རྒྱལ་གྱི་འགོ་ཁྲིད་པ་རྣམས་དང་མཉམ་དུ་ཧྲང་ཧེ་རྒྱལ་ཁབ་ཚོགས་འགྲེམ་ལྟེ་གནས་ཀྱི་འདུ་ཚོགས་འགོ་རྩོམ་པའི་མཛད་སྒོའི་ཚོགས་རར་ཕེབས།
        སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ནས། ཞི་ཅིན་ཕིང་གིས་གཙོ་དོན་གསུང་བཤད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་ནི་མིག་སྔའི་བར་དུ་འཛམ་གླིང་སྟེང་ནང་འདྲེན་བརྗོད་གཞིར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམ་སྟོན་འདུ་ཚོགས་ཐེངས་དང་པོ་ཡིན་ལ། རྒྱལ་སྤྱིའི་ཉོ་འཚོང་འཕེལ་རྒྱས་ལོ་རྒྱུས་སྟེང་གི་མཛད་རྗེས་ཆེན་པོ་ཞིག་ཡིན། འདིས་ཀྲུང་གོས་ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པ་དང་རང་དབང་ཉོ་འཚོང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་དུས་རྒྱུན་གྱི་ལངས་ཕྱོགས་མཚོན་ལ། ཀྲུང་གོས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཛམ་གླིང་ཅན་ལ་རྒྱབ་སྐྱོར་བྱེད་པའི་དོན་དངོས་འགུལ་སྐྱོད་ཡིན་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་སྐོར་ཐེངས་དང་པོའི་འཕེལ་རྒྱས་ཆེན་པོ་དང་། བསྒྱུར་བཅོས་ཆེན་པོ། ལེགས་སྒྲིག་ཆེན་པོ་བརྒྱུད་བཞིན་ཡོད། དཔལ་འབྱོར་འཛམ་གླིང་ཅན་ནི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡིན། འཛམ་གླིང་དཔལ་འབྱོར་རྣམ་པའི་འགྱུར་ལྡོག་ཆེན་པོར་ཁ་གཏད་ནས། རྒྱལ་ཁབ་སོ་སོས་སྤོབས་པ་སྔར་ལས་ཆེན་པོས་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་ཆེན་པོ་བཏང་སྟེ། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་སོ་སོས་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། གཉིས་ཕན་མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། རྒྱལ་ཁབ་སོ་སོས་གསར་གཏོད་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། སྒུལ་ནུས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱེད་དགོས། རྒྱལ་ཁབ་སོ་སོས་དཀྱེལ་ཡངས་ཀུན་ཕན་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ཡིན་ལ། དུས་ནམ་ཡང་འཛམ་གླིང་ཐུན་མོང་སྒོ་འབྱེད་ཀྱི་གལ་ཆེ་བའི་སྐུལ་འདེད་གཏོང་མཁན་དང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་གཏན་འཇགས་ཀྱི་སྒུལ་ཤུགས་འབྱུང་ཁུངས། རྒྱལ་ཁབ་སོ་སོར་ཚོང་ལམ་འབྱེད་པའི་གསོན་ཤུགས་ཅན་གྱི་ཁྲོམ་ར་ཆེན་པོ། འཛམ་གླིང་བཅོས་སྐྱོང་བཅོས་སྒྱུར་གྱི་བརྩོན་སེམས་ཆེ་བའི་བྱས་རྗེས་འཇོག་མཁན་བཅས་ཡིན་ལ། སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པའི་ཆེད་དུ། ཀྲུང་གོས་གཤམ་གྱི་ཕྱོགས་འགར་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད། གཅིག ནང་འདྲེན་གྱི་སྦས་ཤུགས་ཆེ་རུ་བསྐྱེད་རྒྱུ་ཡིན། གཉིས། ཁྲོམ་རར་འཇུག་ཚད་བསྟུད་མར་ཇེ་ལྷོད་དུ་གཏོང་རྒྱུ་ཡིན། གསུམ། རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲས་བསྐྲུན་རྒྱུ་ཡིན། བཞི། ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་གནས་གསར་པ་བསྐྲུན་རྒྱུ་ཡིན། ལྔ། ཕྱོགས་མང་དང་ཕྱོགས་གཉིས་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་ནི་ཀྲུང་གོ་གཅིག་པུའི་བྱ་གཞག་མིན་པར་རྒྱལ་ཁབ་སོ་སོའི་བྱ་གཞག་ཆེན་པོ་ཡིན་པས། སྐུ་མགྲོན་རྣམ་པས་འཛམ་གླིང་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་བཅོས་སྒྱུར་སྐོར་གྱི་བསམ་ཕྱོགས་གསར་པའི་ཐད་ནས་གྲོས་སྡུར་ཟབ་མོ་བྱེད་པ་དང་། རང་དབང་ཉོ་འཚོང་དང་ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། གསར་གཏོད་དཀྱེལ་ཡངས་ཀྱི་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་དམིགས་འབེན་ཕྱོགས་སུ་འབད་འཐབ་ལྷོད་མེད་བྱས་ནས། མིའི་རིགས་ལ་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས་ཟེར།
        ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོ་ནི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་ཉིན་བར་བསྡུ་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ་མང་པོའི་འགོ་ཁྲིད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་འཐུས་ཚབ་དང་། རྒྱལ་ནང་དང་རྒྱལ་ཕྱིའི་ཁེ་ལས་པའི་འཐུས་ཚབ་སོགས་མི་སྟོང་གཅིག་དང་ལྔ་བརྒྱ་ལྷག་འདུ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།