དབུ་ཤོག >> ས་གནས་གསར་འགྱུར།
བདེ་ཆེན་གྱི་གླུ་གར་ཨོ་སི་ཁྲུ་ལི་ཡ་ནས་འགྲེམ་འཁྲབ་བྱས་པ།
རྩོམ་པ་པོ། དུས་ཚོད། 2018-11-06 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        2018ལོའི་ཟླ10པའི་ཚེས27ཉིན་ནས་ཟླ11པའི་ཚེས6ཉིན་བར།བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་ཨོ་སི་ཁྲུ་ལི་ཡའི་ཤི་ཉི་གྲོང་ཁྱེར་དང་ཁའེ་ཨེན་སིའི་གྲོང་ཁྱེར།པུའུ་ལི་སི་པེན་གྲོང་ཁྱེར།ནེའུ་ཙི་ལན་གྱི་ཨའོ་ཁེ་ལན་གྲོང་ཁྱེར་བཅས་སུ་སོང་ནས་ཀྲུང་གོའི་རིག་གནས་ཀྱི་ཚོན་མདངས་རྣམ་པར་བཀྲ་བའི་ཡུན་ནན་དང་རྨི་ལམ་གྱི་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་བ་རེད།

        བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི《ཉི་ཤར་བྱམས་གླུ》དང་《མཐའ་ཆུའི་རས་པ》གླུ་དབྱངས་《རི་ལུང་གི་བྲག་ཅ》སོགས་ཀྱིས་བདེ་ཆེན་གྱི་མི་རིགས་མང་པོ་མཉམ་འཛོམས་ཀྱི་རིག་གནས་ཁྱད་ཆོས་གང་ལེགས་ཀྱིས་མངོན་པ་རེད།

        1959ལོར་བཙུགས་པའི་བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པ་ནི་ཐེངས་གང་མང་ལ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རིག་གནས་པུའུ་སོགས་སྡེ་ཁག་གི་བྱ་དགའ་ཐོབ་པ་དང་།འཐུས་ཚབ་བརྩམས་ཆོས་ལ་《སེམས་ཀྱི་ཉི་ཟླ》དང་《ཁ་བ་དཀར་པོར་བསྟོད་པ》སོགས་ཡོད་པ་རེད།ཉེ་བའི་ལོ་འགའི་རིང་།གླུ་གར་ཚོགས་པས་འཇར་མན་དང་།ཨོ་སི་ཁྲུ་རི་ཡ།མོ་ཞི་ཁོ།ལྗར་པན་སོགས་སུ་རིག་གནས་སྤེལ་རེས་དང་འཁྲབ་སྟོན་བྱས་ནས།སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་བརྒྱུད་བསྒྲགས་བྱས་ཏེ།བདེ་ཆེན་གྱི་མཚར་སྡུག་མངོན་པ་རེད།