དབུ་ཤོག >> བོད་ཁུལ་གསར་འགྱུར།
༄༅།།བོད་ཀྱི་རིག་གནས་ལོ་རྒྱུས་ཟློས་གར་ཆེན་མོ《འུན་ཤིང་ཀོང་ཇོ་》ཡི་ད་ལོའི་འཁྲབ་སྟོན་མཇུག་བསྡུས་ཡོད།
རྩོམ་པ་པོ། དུས་ཚོད། 2018-11-06 རྩོམ་ཁུངས། མི་དམངས་དྲ་བ།

        ཟླ་10ཚེས་31ཉིན་གྱི་དགོང་མོར། བོད་ཀྱི་རིག་གནས་ལོ་རྒྱུས་ཟློས་གར་ཆེན་མོ་《འུན་ཤིང་ཀོང་ཇོ་》ཡི་དུས་སྐབས་དྲུག་པའི་འཁྲབ་སྟོན་ལྷ་སའི་བུམ་པའི་རི་འདབས་ནས་བདེ་བླག་ངང་མཇུག་བསྡུས་ཡོད།  ཤེས་རྟོགས་བྱུང་གསལ། 2013ལོའི་ཟླ་8པར་《འུན་ཤིང་ཀོང་ཇོ་》ཐོག་མར་འཁྲབ་པ་ནས་ད་བར་དུ། འཁྲབ་སྟོན་བྱེད་ཐེངས་སྟོང་ལས་བརྒལ་བ་བྱས་ཡོད་པ་དང་། འཁྲབ་སྟོན་དང་ཡུལ་སྐོར་ཆ་འགྲིག་གིས་གཟིགས་མོ་བ་མི་ཐེངས་ཁྲི་210ལས་བརྒལ་བ་སྣེ་ལེན་བྱས་ཡོད། 

        བོད་ཀྱི་རིག་གནས་ལོ་རྒྱུས་ཟློས་གར་ཆེན་མོ་《འུན་ཤིང་ཀོང་ཇོ་》ཡི་ད་ལོའི་འཁྲབ་སྟོན་མཇུག་བསྡུས་ཤིང་། དུས་སྐབས་དྲུག་རིང་གཟིགས་མོ་བ་མི་ཐེངས་ཁྲི་210ལས་བརྒལ་བ་བསུས་ཡོད།

        《འུན་ཤིང་ཀོང་ཇོ》ཡི་ནང་ལོ་ངོ་སྟོང་གི་སྔོན་དུ་ཐང་རྒྱལ་རབས་ཀྱི་འུན་ཤིང་ཀོང་ཇོས་ལེ་བར་ཁྲི་ཕྲག་བརྒལ་ཞིང་། དཀའ་བ་ཁྱད་དུ་བསད་ནས་བོད་ལ་བསྐྱོད་པའི་གོ་རིམ་བརྗོད་ཡོད། འཁྲབ་གཞུང་འདི་ནི་མིག་སྔར་ཀྲུང་གོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་བོད་ཀྱི་རིག་གནས་ལོ་རྒྱུས་ཟློས་གར་ཆེན་མོ་ཡིན་ཞིང་། འཁྲབ་སྟོན་ཚོགས་ཁག་ལ་ཁྱོན་འཁྲབ་སྟོན་མི་སྣ་800ལྷག་ཡོད་ཅིང་། དེའི་ཁྲོད་དུ་95%ནི་བོད་ལྗོངས་ས་གནས་རང་གི་ཞིང་འབྲོག་མི་དམངས་ཡིན་པ་དང་། ལོ་རེའི་ཟླ་4པ་དང་ཟླ་10པར་འཁྲབ་སྟོན་བྱེད་ཀྱི་ཡོད་ཅིང་། གོ་ལ་ཧྲིལ་བོའི་ཡུལ་སྐོར་བ་མང་པོའི་གདེང་འཇོག་ལེགས་པོ་ཐོབ་ཡོད།