དབུ་ཤོག >> བདེ་ཐང་མཛུབ་སྟོན།
སྙིང་ནད་ཅན་གྱི་མཉམ་འཇོག་བྱ་ཡུལ།
རྩོམ་པ་པོ། དུས་ཚོད། 2018-11-04 རྩོམ་ཁུངས། གངས་རླུང་།

        གཅིག མི་སུ་ཡིན་རུང་ལུས་རྩལ་སྦྱངས་རྗེས་ཀྱི་སྐར་མ་བཅུའི་ནང་སྙིང་ལྡིང་ཚད་སྐར་མ་རེར་ཐེངས་གྲངས་བརྒྱའི་ཡན་ལ་བསླེབས་ན་མུ་མཐུད་དུ་ལུས་རྩལ་སྦྱོང་ཤུགས་ཆེ་རུ་གཏོང་མི་རུང་བའི་གནས་ཚུལ་ལ་གཞིགས་ཏེ་ལུས་རྩལ་སྦྱོང་བརྡར་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས།

        གཉིས། ལུས་རྩལ་སྦྱོང་ཤུགས་ཆུང་བ་ནས་ཆེ་རུ་གཏོང་བ་དང་དུས་ཚོད་ཐུང་བ་ནས་རིམ་བཞིན་ཇེ་རིང་དུ་གཏོང་དགོས།

        གསུམ། བཟའ་བཏུང་བསྟེན་པ་དང་ལུས་རྩལ་སྦྱོང་བའི་བར་ལ་ཉུང་མཐར་ཡང་དུས་ཚོད་གཅིག་ཡན་གྱི་བར་ཐག་ཡོད་དགོས།

        བཞི། ལུས་རྩལ་སྦྱོང་སྐབས་ཀྱི་དྲོད་ཚད་འཚམ་ཤོས་ནི་ཧྲེ་ཧྲི་ཏུའུ4ནས30བར་ཡིན།

        ལྔ། ལུས་རྩལ་སྦྱོང་སྐབས་གལ་ཏེ་མགོ་ཡུ་འཁོར་བ་དང་མགོ་ན་བ། དངངས་སྐྲག་སྐྱེས་པ། སྐྱུགས་མེར་ལངས་བ། སྐྱུགས་པ་སོགས་ཀྱི་མི་བདེ་བའི་སྣང་ཚུལ་བྱུང་ན་མྱུར་དུ་མཚམས་འཇོག་པ་དང་ཆབས་ཅིག་སྨན་པར་སྟོན་དགོས།གཞན་ཡང་ཚང་མར་དྲན་སྐུལ་བྱེད་རྒྱུ་ཞིག་ནི་སྙིང་ནད་བྱུང་བའི་ནད་པས་ཞོགས་པར་སྦྱོང་བརྡར་བྱེད་མི་རུང་། སྔ་དྲོ་དུས་ཚོད་དྲུག་ནས་དགུ་བར་ནི་ཏོག་དབྱིབས་སྙིང་ནད་དང་ཀླད་ཁྲག་ཐོན་པའི་ནད་ཕོག་པར་ཉེན་ཁ་ཆེ་ཞིང་། སྐབས་དེའི་ནད་ཕོག་ཚད་ནི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་ལས་ལྡབ་གསུམ་གྱིས་མཐོ་བ་རེད། གཞན་ཡང་མིའི་འཕར་རྩའི་ཁྲག་ཤེད་སྔ་དྲོ་ཅུང་མཐོ་བས། སྙིང་ནད་ཕོག་པའི་ནད་པར་མཚོན་ན་ལུས་རྩལ་སྦྱོང་བའི་དུས་ཚོད་དེ་ཕྱི་དྲོ་འདེམས་ན་ལེགས།