མཛེས་སྡུག་ལྡན་པའི་ཡུན་ནན་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་ཨོ་སི་ཁྲུ་ལི་ཡ་རུ་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཙོ་སྒྲུབ་བྱེད་པའི་མཛེས་སྡུག་ལྡན་པའི་ཡུན་ནན་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་སྤེལ་རེས་བྱེད་སྒོ་ཨོ་སི་ཁྲུ་ལི་ཡའི་མོ་ཨེར་པུན་དུ་བསྡུས་པ་དང་།  ཐེངས་འདིའི་བྱེད་སྒོ་ཡིས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཀྲུང་གོའི་ནང་མིའི་འཕྲིན་ཡིག་སྐུར་བ།  ཀྲུང་གོའི་རིག་གནས་དར་སྤེལ་གཏོང་བ་ཞེས་པ་བརྗོད་བྱའི་གཙོ་བོར་བྱས་ནས།   འགྲེམ་སྟོན་དང་རིག་རྩལ་འཁྲབ་སྟོན།   ཡུན་ནན་གྱིས་འོས་སྦྱོར་བྱེད་པ་དང་སྨྱན་སྦྱོར་གྱིས་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ།  མོ་ཨེར་པུན་གྱི་མི་དམངས་མང་ཚོགས་དང་སྨྱན་སྦྱོར་ལ་ཕྱོགས་མང་པོ་ནས་ཡུན་ནན་གྱི་རིག་གནས་ངོ་སྤྲོད་བྱས་པ་རེད།

        ཡུན་ནན་གྱི་འོས་སྦྱོར་གྲོས་ཚོགས་ཐོག  ཡུན་ནན་འཐུས་མི་རུ་ཁག་གིས་ཨོ་སི་ཁྲུ་ལི་ཡའི་མགྲོན་པོ་རྣམས་ལ་མངོན་སུམ་གྱི་སེམས་ཀྱི་ཉི་ཟླ་སྟེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ངོ་སྤྲོད་བྱས་པ་དང་།  མཚར་སྡུག་གི་གངས་རི་དང་དཀོན་ཞིང་ངོ་མཚར་བའི་སྲོག་ཆགས་དང་རྩི་ཤིང་།  གཡང་གཟར་གྱི་གྲོག་རོང་།  ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་སོགས་ཀྱི་མགྲོན་པོ་རྣམས་ཀྱི་ཡིད་སེམས་འགུག་ཡོད།

        ཉིན་དེར།  ད་དུང་མི་རིགས་གླུ་གར་དགོང་ཚོགས་འཚོགས་པ་དང་།  ཡུལ་དངོས་སུ་ཡུན་ནན་གྱི་གྲངས་ཉུང་མི་རིགས་སྒྱུ་རྩལ་པས་འཁྲབ་སྟོན་བྱས་པའི་མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ་ཞེས་པ་སོགས་དང་།  དབྱི་རིགས་ཀྱི་གོས་རྒྱན་འགྲེམ་སྟོན་བྱས་ནས་མོ་ཨེར་པུན་གྱི་ཡུལ་མི་རྣམས་ལ་ཡུན་ནན་མི་དམངས་ཀྱི་རྣམ་པ་བཀྲ་བའི་མི་རིགས་རིག་གནས་སྟོན་པ་རེད།

        བྱེད་སྒོའི་དུས་རིང་དུ། ཡུན་ནན་འཐུས་མི་རུ་ཁག་གིས་ད་དུང་ཨོ་སི་ཁྲུ་ལི་ཡའི་མོ་ཨེར་པུན་དང་ཞི་ཉི། ནེའུ་ཙི་ལན་གྱི་ཨའོ་ཁོ་ལན་སོགས་ས་གནས་སུ་བཞུགས་མོལ་དང་བརྗེ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཡུན་ནན་དང་ཨོ་སི་ཁྲུ་ལི་ཡ་བར་གྱི་བརྗེ་རེས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་ ས་གནས་གཉིས་ཀྱི་མི་ཆོས་རིག་གནས་བརྗེ་རེས་ལ་སྐུལ་སྤེལ་གཏོང་བ།   ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བརྟན་པོའི་ངང་དར་འཕེལ་བྱུང་བ་ལ་གསོན་ཤུགས་གསར་པ་སྣོན་རྒྱུ་རེད།