པད་མ་རི་བོའི་སྟོན་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        པད་མ་རི་བོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་དུ་གནས་ཡོད་ལ།  སྟོན་ཀར་སླེབས་དུས།  རི་རྩེར་ཁ་བས་ཁེངས་པས་དར་གྱི་ཡོལ་བ་དཀྲིས་པ་དང་བཞིན།  རི་སྐེད་དང་རི་འདབ་ཏུ་ཤིང་སྡོང་གི་ལོ་མ་འགའ་རེ་སེར་སེར་དང་འགའ་རེ་དམར་དམར་དུ་གྱུར་ཡོད་པ་དང་།  འགའ་རེ་ནི་སྔོན་ལྟར་ལྗང་མདོག་ཡིན་པས་རྒྱང་རིང་ནས་བལྟས་ན་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་ཞིག་དང་འདྲ།

        རང་བྱུང་ཁམས་ཀྱི་ལག་རྩལ་ནི་རི་མོ་བ་མཁས་པས་ཀྱང་འགྲན་ཐབས་མེད་པ་ཡིན་ལ།  ཁོང་གིས་ཇུས་འགོད་བྱེད་མེད་ནའང་མཛེས་སྡུག་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་རང་ཅག་གི་མིག་ལམ་དུ་མངོན་ཐུབ་པ་རེད།