བདེ་ཆེན་ཁུལ་དང་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པའི་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས25ཉིན།བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་མིང་རྟགས་འགོད་པའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྷ་ཡུལ་ཞིང་མཆོག་མགྲོན་ཁང་ནས་བསྡུས་པ་དང་།གྲོས་མཐུན་གྱི་ནང་དོན་ལྟར་ན།ཕྱོགས་གཉིས་ཀའི་ད་ལོར་ནས་བཟུང་ལྗང་མདོག་ནུས་རྒྱུ་དང་།ཆ་འཕྲིན་གྲངས་གཞི་ཆེ་མོ་སོགས་ཁྱབ་ཁོངས་ལྔ་རུ་མཉམ་ལས་གཏིང་ཟབ་བྱས་ནས།བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ཁུལ་ཨུའི་ཧྲུའུ་ཅི།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་། ཡུན་ནན་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པའི་ཏུང་ཧྲི་ཀྲང་ཏོ་ཝུན་ཆོན།ཙུང་ཚའེ་ཆིའུ་ལུའུ་ཅུན་བཅས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་མིང་རྟགས་འགོད་པའི་མཛད་སྒོར་གཙོ་སྐྱོང་གནང་བ།ཁུལ་དཔོན་གཞོན་པ་དབྱང་ཀྲེང་དབྱི་དང་།ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པའི་ཙུང་ཚའེ་གཞོན་པ་ཀུའོ་ཧྲུའུ་ཀོང་གཉིས་ཀའི་ཕྱོགས་གཉིས་ཀའི་ཚབ་བྱས་ནས་མིང་རྟགས་འགོད་པ་རེད།

    ཏོ་ཝུན་ཆོན་གྱིས་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པས་2016ལོར་བདེ་ཆེན་དང་མཉམ་འབྲེལ་བྱས་པ་ནས་བཟུང་།རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་27.26འཇོག་ཟིན་པ་དང་།གོམ་སྟབས་རྗེས་མར།ཧུར་བརྩོན་གྱིས་བདེ་ཆེན་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཁྲོད་ཡོང་རྒྱུ་ཡིན།ཕྱོགས་གཉིས་ཀའི་འབད་བརྩོན་འོག་བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་པ་རེད།

    ཀུའུ་ཁུན་གྱིས་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པ་ནི་རང་ཞིང་ཆེན་གྱི་གཙོ་རྐང་ཁེ་ལས་ཡིན།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་རིམ་སྔོན་མའི་ རྣམ་གྲངས་མཉམ་ལས་ཀྱི་ནང་དོན་ལ་ཧ་ཅང་གི་བློ་ཡིད་ཚིམ་པ་མ་ཟད།དེང་ཕྱིན་མུ་མཐུད་དུ་གཏིང་ཟབ་ཀྱིས་མཉམ་ལས་བྱེད་པར་ཡིད་ཆེས་ཀྱིས་ཁེངས།ཕྱོགས་གཉིས་གིས་མཉམ་དུ་འབད་བརྩོན་བྱས་ཏེ།ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ།ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་བོད་ཁུལ་འཕེལ་རྒྱས་ཀྱི་གོ་སྐབས་ཁག་དམ་པོར་བཟུང་ནས།ས་གནས་ཀྱི་འཕེལ་རྒྱས་དང་ཁེ་ལས་ཀྱི་འདུན་པ་དང་ཟུང་འབྲེལ་བྱས་ནས།གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས།རང་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ལས་ཀར་རྒྱབ་སྐྱོར་དང་རམ་འདེགས་བྱེད་པ་དང་།མཉམ་འབྲེལ་གྱི་རྣམ་གྲངས་མགྱོགས་མྱུར་གྱིས་མངོན་འགྱུར་བྱུང་ནས།བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས་པ་བསྟན།

    ཕྱོགས་གཉིས་པོས་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གྱི་ནང་དོན་ལྟར་ན།དེང་ཕྱིན་ཁྱབ་ཁོངས་སུ་ཕྱོགས་ལྔ་ནས་མཉམ་ལས་བྱེད་རྒྱུ་ཡིན་ཏེ།གཅིག་ནི་ལྗང་མདོག་ནུས་རྒྱུ་ཐོན་ལས་དང་།གཉིས་ནི་ཆ་འཕྲིན་གཞི་གྲངས་ཆེན་མོའི་ཐོན་ལས།གསུམ་ནི་གྲོང་ཁྱེར་གྱི་རིག་ནུས་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན།བཞི་ནི་རིག་ནུས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སྐྲུན་པ།ལྔ་ནི་ཕྱོགས་གཞན་དག་ཐད་ཀྱི་རྣམ་གྲངས་མཉམ་ལས་བཅས་ཡིན་པ་རེད།

    ཉིན་དེའི་ཕྱི་དྲོར།མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པའི་འགོ་ཁྲིད་ཀྱིས་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པས་རང་ཁུལ་དུ་མ་འཇོག་འཛུགས་སྐྲུན་དུ་ཞུགས་པའི་རྣམ་གྲངས་ཁག་ལ་ལྟ་སྐོར་བྱས་པ་མ་ཟད།གསར་དུ་བཙུགས་པའི་བདེ་ཆེན་ཡུན་ནུས་ཤར་བོད་ཐོན་ལས་མ་འཇོག་ཚད་ཡོད་ཀུང་སིའི་སྒོ་བྱང་བཀལ་བ་རེད།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཁྲེན་ཕེང་དང་།ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་མི་སྣ་སོགས་བྱ་འགུལ་དུ་ཞུགས་པ་རེད།