འབའ་ལུང་གི་ལྷ་ཕུ་ཆུ་བོའི་འགྲམ་དུ་ལོ་ཏོག་བསྡུ་བར་བྲེལ།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-10-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉེ་འདི་དག་ཏུ།  མཐོ་སྒང་གི་གནམ་གཤིས་ཅུང་གྲང་མོར་གྱུར་ཡོད་ལ།  ཞིང་པ་ཚོས་ཟླ་བ་ཕྱེད་ཀའི་སྔོན་ནས་ལོ་ཏོག་བསྡུ་ཚར་འདུག  ཡིན་ཡང་།  རོང་པ་ས་ཆའི་ཞིང་པ་ཚོས་ལོ་ཏོག་བསྡུ་བར་བྲེལ་བཞིན་འདུག

        འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཁྲུང་ཁེ་གྲོང་གི་འཇང་རིགས་ཞིང་པ་ཚོས་འབྲས་བསྡུ་བར་བྲེལ་ཡོད་ལ། འགའ་རེས་འབྲས་བརྔ་བ་དང་།  འགའ་རེས་འབྲས་འབྲུ་འདོན་པ།  འགའ་རེས་འབྲས་སོག་བསྡུ་བ་སོགས་བྱས་ནས་ག་ས་གང་དུ་བྲེལ་འཚུབ་ཀྱི་རྣམ་པ་མངོན་འདུག