དབུ་ཤོག >> བོད་ཁུལ་གསར་འགྱུར།
གེ་སར་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོའི་དེབ་གསར་«དཔའ་བོ་གེ་སར།»གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།
རྩོམ་པ་པོ། དུས་ཚོད། 2018-10-29 རྩོམ་ཁུངས། གངས་ལྗོངས་ཉི་གཞོན།

        སྤྱི་ཟླ་10པའི་ཚེས་28ཉིན་གྱི་སྔ་དྲོར། ཀྲུང་གོ་རིག་གནས་ཤུལ་བཞག་ཐེབས་རྩ་ཚོགས་པ་དང་ལྷོ་ནུབ་མི་རིགས་སློབ་ཆེན།  ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་གེ་སར་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོའི་དེབ་གསར་«དཔའ་བོ་གེ་སར།»གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཁྲེན་ཏུའུ་གྲོང་ཁྱེར་གྱི་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས།

        ཚོགས་འདུའི་ཐོག  སློབ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་སློབ་གཙོ་གཞོན་པ་ཝང་ཡུང་ཀྲེང་།  ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་ལིའུ་ཡན་ཧུའེ།  སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཀྲི་ཡུང་།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྔར་གྱི་སློབ་གཙོ་ཀྲའོ་ཞིན་ཡུས།  སི་ཁྲོན་ཞིང་ཆེན་རིག་གནས་ཁང་གི་སྔར་གྱི་འགོ་འཛིན་གཞོན་པ་ཚེ་རིང་མགོན་པོ།  རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ།  སྒྲུང་མཁན་སྒྱུ་རྩལ་པ་གྲགས་ཅན་ཨ་ཉིད།  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ།  འབུམ་རམས་སློབ་མའི་སློབ་དཔོན། གེ་སར་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་གཏམ་བཤད་གནང་བ་དང་།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུ།  སློབ་གཙོ་གཞོན་པ་མགོན་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་།
        གཞན་ཡང་རིག་གཞུང་བགྲོ་གླེང་དུ་གེ་སར་རིག་པའི་ཆེད་མཁས་པ་དང་། སྒྲུང་པ། ཤེས་ཡོན་པ། དགེ་རྒན་དང་སློབ་མ་སོགས་མི་ཉིས་བརྒྱ་ཡས་མས་ཞུགས།

གེ་སར་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ།

སློབ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་སློབ་གཙོ་གཞོན་པ་ཝང་ཡུང་ཀྲེང་གིས་ཤིས་ཚིག་འབུལ་བཞིན་པ།

ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་ལིའུ་ཡན་ཧུའེ་ཡིས་ཤིས་ཚིག་འབུལ་བཞིན་པ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྔར་གྱི་སློབ་གཙོ་ཀྲའོ་ཞིན་ཡུས་ཀྱིས་ཤིས་ཚིག་འབུལ་བཞིན་པ།

སི་ཁྲོན་ཞིང་ཆེན་རིག་གནས་ཁང་གི་སྔར་གྱི་འགོ་འཛིན་གཞོན་པ་ཚེ་རིང་མགོན་པོས་ཤིས་ཚིག་འབུལ་བཞིན་པ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུ།  སློབ་གཙོ་གཞོན་པ་མགོན་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་བྱེད་བཞིན་པ།

ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་བསོད་ནམས་ཕུན་ཚོགས་ཀྱིས་གཏམ་བཤད་བྱེད་བཞིན་པ།

རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ།  སྒྲུང་མཁན་སྒྱུ་རྩལ་པ་གྲགས་ཅན་ཨ་ཉིད་ཀྱིས་གཏམ་བཤད་བྱེད་བཞིན་པ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་འཐུས་ཚབ་དངོས་གྲུབ་སྒྲོལ་མས་གཏམ་བཤད་བྱེད་བཞིན་པ།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ།  འབུམ་རམས་སློབ་མའི་སློབ་དཔོན། གེ་སར་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ་འཇམ་དཔལ་རྒྱ་མཚོས་གཏམ་བཤད་གནང་བཞིན་པ།

        རྒྱུས་ལོན་བྱུང་བར་ལྟར་ན།  «དཔའ་བོ་གེ་སར།»ཞེས་པའི་དཔེ་དེབ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ།  འབུམ་རམས་སློབ་མའི་སློབ་དཔོན། གེ་སར་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་པ་རེད།  «དཔའ་བོ་གེ་སར།»ཞེས་པའི་དཔེ་དེབ་ལ་ཡིག་འབྲུ་ཁྱོན་ཁྲི་150ཡོད་ཅིང་། རྩོམ་པ་པོས་གཙོ་སྒྲིག་བྱས་པའི་སྒྲུང་དཔེ་40 དཔེ་དེབ་51 ཡིག་འབྲུ་ཁྲི་2000ཡོད་པའི་བོད་ཡིག་པར་གཞིའི་«གླིང་སྒྲུང་།» གཅེས་བཏུས་གཞི་བྱས་ཡོད་པ་དང་། ད་དུང་དམངས་ཁྲོད་ཀྱི་སྒྲུང་པ་གྲགས་ཅན་གྲགས་པ་དང་བསམ་འགྲུབ་ཀྱི་གཏམ་བཤད་ཀྱང་དཔྱད་གཞིར་བཟུང་ཡོད་ཅིང་།  «དཔའ་བོ་གེ་སར།»ནི་རྩོམ་པ་པོས་ལོ་ངོ་40རིང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཡིན་ཞིང་། དེ་ལ་ཆབ་སྲིད་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། རིག་གཞུང་གི་རིན་ཐང་། དེ་བཞིན་དུ་སྤྱི་ཚོགས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད།