དབུ་ཤོག >> གནས་སྐོར་མཛེས་ལྗོངས།
ཁ་བ་དཀར་པོར་གནས་མཇལ་དུ་བསྐྱོད་པའི་ལམ་བར་གྱི་མཐོང་ཐོས།
རྩོམ་པ་པོ། དུས་ཚོད། 2018-10-23 རྩོམ་ཁུངས།

       ཁ་བ་དཀར་པོ་ནི་རང་རེའི་བོད་ཡུལ་མ་ཟད་འཛམ་གླིང་ཀུན་དུ་མཚན་སྙན་གྲགས་རྒྱས་པའི་གནས་རི་གྲགས་ཆེ་བ་ཞིག་ཡིན་པའི་ཆ་ནས།   ལོ་རེར་གནས་མཇལ་དུ་ཡོང་མཁན་ཟམ་མ་ཆད་པར་ཡོད་ལ།   ལྷག་པར་ལུག་གི་ལོ་ལ་གནས་མཇལ་དུ་ཡོང་མཁན་ལྡབ་འགྱུར་གྱིས་ཇེ་མང་ཡིན།    རྔམ་ཞིང་བརྗིད་པའི་གངས་རི་དང་ལྷུང་ལྷུང་འབབ་པའི་གངས་ཆུ།   གདོད་མའི་ནགས་ཚལ།   བག་ཡངས་ཀྱིས་རྒྱུ་བའི་རྟ་ནོར་ལུག་གསུམ།   ཁྱད་ཆོས་མངོན་པར་ལྡན་པའི་བོད་ཁང་།   མགོ་ལྕོག་ལྡེམ་པའི་ནས་ཀྱི་སྙེ་མ།   ད་དུང་དྲོད་འཇམ་གྱི་ཉི་འོད།   དྭངས་གཙང་གི་མཁའ་དབུགས།    ལྷག་བསམ་གྱི་བོད་མིའི་འཛུམ་མདངས་སོགས་ཀྱིས་གནས་འདིར་ཕེབས་པའི་མཇལ་སྐོར་བའི་སེམས་ལ་སྨྲ་མི་ཤེས་པའི་ཚོར་སྣང་གང་རུང་ཞིག་སྦྱིན་གྱི་ཡོད་ལ།   འདི་ནས་ཁྱོད་ཀྱིས་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་དང་།   ཡུལ་འདིའི་བོད་མིའི་དད་མོས།   འཚོ་སྡོད་ཀྱི་རྣམ་པ་སོགས་ལ་རྒྱུས་ལོན་ཅུང་ཟད་བྱེད་ཐུབ།