དབུ་ཤོག >> ས་གནས་གསར་འགྱུར།
བདེ་ཆེན་གྱི་ཡུལ་ཐོན་ཁྱད་རྫས་ལ་ཧྲང་ཧེ་མི་དམངས་ཀྱི་དགའ་བསུ་ཐོབ་པ།
རྩོམ་པ་པོ། དུས་ཚོད། 2018-10-23 རྩོམ་ཁུངས།


 

རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར།     བདེ་ཆེན་གྱི་ཁེ་ལས་ཁག་འགའ་ཟླ10པའི་ཚེས17ཉིན་ནས་ཚེས21ཉིན་བར་ཧྲང་ཧེ་ནས་བསྡུས་པའི་2018ལོའི་ཧྲང་ཧེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་ཚོགས་འདུ་ནང་ཞུགས་ཡོད།  

སྐབས་འདིའི་འགྲེམས་ཚོགས་ནང་།   བདེ་ཆེན་ཁུལ་གྱིས་ཁེ་ལས་17སྒྲིག་འཛུགས་བྱས་ཡོད་ཅིང་།   ཁྱོན་བསྡོམས་ཐོན་རྫས137བཀྲམས་ཡོད།     ཐོན་རྫས་གཙོ་བོར་སྐམ་ཤ་དང་ཉི་ཤར་གྱི་བྱ་ཤ   རི་སྐྱེས་ཤ་མོ།   སྟར་ཀའི་སྣུམ་སོགས་ཡོད། 

བདེ་ཆེན་འགྲེམས་ཁུལ་གྱི་ལས་ཡུལ་དངོས་སུ་ཚོང་ཟོག་འདེམས་མཁན་ཤིན་ཏུ་མང་ཞིང་།   སྤུས་ལེགས་པའི་ལྗང་མདོག་སྐྱེ་ཁམས་ཐོན་རྫས་ལ་ཧྲང་ཧེ་ས་གནས་མང་ཚོགས་ཀྱི་འཛད་སྤྱོད་དང་དགའ་བསུ་མི་དམན་པ་ཞིག་ཐོབ་ཡོད།   འགྲེམས་འཚོང་གི་བར་སྐབས་སུ་སྒོར་ཁྲི18ཡི་ཐོན་རྫས་བཙོང་ཚར་ཡོད། 

ཚེས18ཉིན།   2018ལོའི་ཧྲང་ཧེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་ཚོགས་འདུ་དང་།   མཉམ་ལས་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་དེ་འགྲེམས་ཁུལ་ནང་ནས་བསྡུས་པ་རེད།   བདེ་ཆེན་དང་ཧྲང་ཧེའི་ཁེ་ལས་ཁག་འགས་ཕན་ཚུན་བར་མཉམ་ལས་བྱེད་པའི་སྐོར་གྱི་གྲོས་མཐུན་ཡི་གེ་བཀོད།  

ཐེངས་རྗེས་མར།   རང་ཁུལ་གྱིས་རང་འགུལ་སྒོས་ཧྲང་ཧེ་དང་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ནས།   ཧྲང་ཧེ་གྲོང་ཁྱེར་གྱི་རོགས་སྐྱོར་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་དང་།    བཟང་ཆ་གསབ་རེས་བྱེད་པ།   མཉམ་དུ་ཕན་བདེ་བསྐྲུན་ནས།   འགོ་རྩོམ་ས་གསར་བའི་ཐོག་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་ཀྱི་དཔེ་མཚོན་གསར་པ་ཞིག་གཏོད་པར་ཧུར་བརྩོན་བྱ་རྩིས་ཡོད།