བདེ་ཆེན་ཡུལ་གྱི་གླུ་བ་བཀྲ་ཤིས་དོན་འགྲུབ་ཀྱི་གཞས་གསར་ཞིག་སྒོར་ཐོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-22   རྩོམ་ཁུངས།   

  བཀྲ་ཤིས་དོན་འགྲུབ་ནི་བདེ་ཆེན་ཁུལ་གྱི་མི་ཡིན་ཞིང་།   བོད་ཀྱི་གླུ་མ་གྲགས་ཅན་གཙུག་གཡུ་སྒྲོལ་མའི་བུ་ཡིན།  ཁོང་ནི་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་རོལ་མོའི་ཟློས་གར་འཁྲབ་སྟོན་སྡེ་ཁག་ནས་མཐར་ཕྱིན་པའི་བོད་ཕྲུག་ཅིག་ཡིན་ལ། 2007ལོའི་རྒྱལ་ཡོངས་མེ་ཐི་སི་པང་ཝེ་སྟག་ཤར་འགྲན་བསྡུར་གྱི་འགྲན་རྩོད་པ་རྩེ་གྲ་དྲུག་གི་གྲས་སུ་ཚུད་ཡོད་པས།  རྒྱ་ཆེའི་མང་ཚོགས་ཀྱིས་ཁོང་ལ་དོ་སྣང་བྱུང་འདུག    ལོ་དེར་ཁོས་རང་གི་ཆེད་བསྒྲིགས་ཐོག་མ་བཀྲ་ཤིས་དོན་འགྲུབ་ཅེས་པ་བཀྲམ་ཡོད་པ་དང་། ཆེད་བསྒྲིགས་འདིའི་ནང་དུ་གླུ་གཞས་རྙིང་བ་བདུན་བསྐྱར་འདོན་བྱས་ཤིང་རང་གིས་གསར་རྩོམ་བྱས་པའི་གླུ་གཞས་གཉིས་བཅས་ཡོད། ཆེད་བསྒྲིགས་སྒོར་བཏོན་རྗེས་སྨྱན་སྦྱོར་དང་རོལ་དབྱངས་ཆེད་མཁས་པ་སོགས་ཀྱིས་གདེང་འཇོག་གང་ལེགས་གནང་ཡོད་པ་དང་།བཀྲ་ཤིས་དོན་འགྲུབ་ཀྱི་བྱ་བཞག་ལེགས་འགྲུབ་བྱུང་བ་དང་བསྟུན་ནས་ཕྱོགས་སོ་སོ་ནས་གཟིགས་སྐྱོང་དང་རྒྱབ་སྐྱོར་ཐོབ་པ་རེད།    དེར་མ་ཟད་བཀྲ་ཤིས་དོན་འགྲུབ་ནི་ཀྲུང་གོིའི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི་དང་།    ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན།   སེམས་ཀྱི་ཉི་ཟླའི་ཡུལ་སྐོར་མགྲིན་ཚབ་པ་ཡང་ཡིན།  

གཞས་ལ་ཉན་ས།



      ཉེ་ཆར།   སྐབས་ལྔ་བའི་ཀྲུང་གོའི་བོད་གླུ་སྤྲོ་ཚོགས་སྟེང་།  ཁོང་གིས་ངོ་མཚར་བའི་གཏམ་རྒྱུད་ཅེས་པའི་གླུ་དབྱངས་ཤིག་བོད་རྒྱ་སྐད་གཉིས་ཀྱིས་བླངས་ཡོད་པས།   ཀུན་གྱིས་གདེང་འཇོག་དང་དགའ་བསུ་མི་དམན་པ་གནང་འདུག   ཁོང་གིས་ཐེངས་འདིའི་གླུ་གཞས་སྤྲོ་ཚོགས་ཀྱི་གླུ་བ་བསྡུ་སྒྲིག་བྱེད་པའི་འགན་འཁུར་ཡོད།   ཁོང་གི་ཨ་མ་ལགས་ཀྱིས་ཀྱང་བཀྲ་ཤིས་དོན་འགྲུབ་ནས་བོད་ཀྱི་རོལ་དབྱངས་གསར་རྩོམ་དང་དར་སྤེལ།  རྒྱུན་འཛིན་གཏོང་བར་ནུས་ཤུགས་འདོན་རྒྱུའི་རེ་བ་བཏོན་ཡོད།     བོད་གླུ་ལ་སྤྲོ་བ་ཡོད་མཁན་ཚོས་གཟའ་རེའི་གཟའ་ཕུར་བུ་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་སི་ཁྲོན་བརྙན་འཕྲིན་ཁང་གི་འཕྲིན་ལམ་ནས་སྤྲོ་ཚོགས་ལ་གཟིགས་ཆོག