དབུ་ཤོག >> སྐབས་དོན་གསར་འགྱུར།
མི་རིགས་རིག་གནས་དང་བོད་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཞེས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་འཇོལ་རྫོང་ནས་འཚོགས།
རྩོམ་པ་པོ། དུས་ཚོད། 2018-10-19 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཚེས་10ཉིན། འཇོལ་རྫོང་གི་སྲིད་འཛིན་ལྟེ་གནས་ནས་མི་རིགས་རིག་གནས་དང་བོད་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཞེས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་སློབ་ཆེན་10ལྷག་དང་ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཁང་བཅས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ། ཁེ་ལས་པ། དེ་མིན་ས་གནས་ཀྱི་ཆེད་མཁས་པ་འཇོལ་རྫོང་དུ་འཛོམས་ནས། མཉམ་གཅིག་ཏུ་མི་རིགས་རིག་གནས་དང་བོད་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་དྲི་གཞིའི་སྐོར་དཔྱད་བསྡུར་བྱས་པ་རེད། དུས་མཚུངས་སུ་འཇོལ་རྫོང་གི་རིག་གནས་དང་ཡུལ་སྐོར་སོགས་ཀྱི་འཕེལ་རྒྱས་ཐད་ལ་ཕན་འབྲས་ཆེ་བའི་བསམ་འཆར་བཏོན། 

        ཆེད་མཁས་པའི་སྡེས་འཇོལ་རྫོང་ཀོང་རྩེད་རའི་ཤིང་ཕོར་བཟོ་རྩལ་གྱི་ཡུལ་དངོས་ལ་བརྟག་དཔྱད་དང་ཁ་བ་དཀར་པོའི་ཉི་ཤར་གྱི་རྩེ་མོའི་ངོ་མཚར་མཛེས་ལྗོངས་ལ་བལྟས་ཏེ། དུས་ཡུན་ཐུང་ངུའི་འཇོལ་རྫོང་ལ་རྒྱུས་ལོན་བྱས་ཤིང་། བགྲོ་གླེང་ཚོགས་འདུའི་ཐོག་ཆེད་མཁས་པ་རྣམས་ཀྱིས་རང་རང་གི་ཆེད་ལས་དང་འབྲེལ་ནས་འཇོལ་རྫོང་གི་འཕེལ་རྒྱས་ལ་དམིགས་གསལ་གྱི་བསམ་འཆར་བཏོན་པ་རེད།

ཡུན་ནན་ནུབ་ཕྱོགས་ཚན་རིག་ལག་རྩལ་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་ཕེང་ཝུན་པིང་གིས་འཇོལ་རྫོང་ནས་མཐོ་སྒང་གི་ས་བབས་ཀྱི་མཐོ་ཚད་མྱོང་ཐུབ་པ་མ་ཟད། རིག་གནས་སྣ་མང་ལ་ཡང་རོལ་མྱོང་བྱེད་ཅེས་བཤད།  

ཡུན་ནན་སློབ་ཆེན་གྱི་དབྱང་མེང་ཧུང་དགེ་རྒན་ཆེན་མོ་དང་མཚོ་སྔོན་སློབ་ཆེན་གྱི་ཏེང་པའེ་ཧྥང་དགེ་རྒན་ཆེན་མོ་གཉིས་ཀྱིས་ཅི་ལྟར་གྱིས་མི་རིགས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སྐོར་ལ་ཐུན་མིན་ཀྱི་ལྟ་ཚུལ་བཤད་པ་རེད།  

  

ཡུན་ནན་སློབ་ཆེན་གྱི་ལི་ནུང་དགེ་རྒན་ཆེན་མོ་ནི་འཇོལ་རྫོང་གི་གྲོགས་པོ་རྙིང་བ་ཡིན་ལ། ཁོ་མོས་འཇོལ་རྫོང་གི་རིག་གནས་ཐོན་ཁུངས་ནི་ང་ཚོ་ཤེས་ཡོན་པའི་སྡེའི་ཞིབ་འཇུག་གི་མཛད་མེད་ཀྱི་ཐོན་ཁུངས་ཡིན། རྫེས་ཕྱོགས་ཁ་བ་དཀར་པོའི་ཡུལ་ཁོངས་ཀྱི་འཕེལ་རྒྱས་དང་སྲུང་སྐྱོབ་ལ་སྔར་བཞིན་རང་ནུས་གང་ཡོད་འདོན་རྒྱུ་ཡིན་ཞེས་བཤད། 

 ཀྲུའུ་ཅི་ཅང་གིས་ཀྲུང་གོའི་མིའི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་ཚབ་བྱས་ནས་ཀྲུང་གོ་མིའི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་མི་རིགས་གློག་བརྙན་དང་གློག་བརྙན་མིའི་རིགས་རིག་པའི་ཆེད་ཨུའི་འཇོལ་རྫོང་གི་གསར་རྩོམ་དང་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འཇོལ་རྫོང་ལ་གནང་བ་རེད། 

 ཀྲུའུ་ཅི་ཅང་གིས་ཀྲུང་གོའི་མིའི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་ཚབ་བྱས་ནས་ཀྲུང་གོ་མིའི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་མི་རིགས་གློག་བརྙན་དང་གློག་བརྙན་མིའི་རིགས་རིག་པའི་ཆེད་ཨུའི་འཇོལ་རྫོང་གི་གསར་རྩོམ་དང་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འཇོལ་རྫོང་ལ་གནང་བ་རེད། 


 ཀྲུའུ་ཅི་ཅང་གིས་ཀྲུང་གོའི་མིའི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་ཚབ་བྱས་ནས་ཀྲུང་གོ་མིའི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་མི་རིགས་གློག་བརྙན་དང་གློག་བརྙན་མིའི་རིགས་རིག་པའི་ཆེད་ཨུའི་འཇོལ་རྫོང་གི་གསར་རྩོམ་དང་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འཇོལ་རྫོང་ལ་གནང་བ་རེད། 

 སུང་ཞིན་མིང་གིས་འཇོལ་རྫོང་ན་ཆོས་ལུགས་ཆེན་པོ་གསུམ་འདུས་པ་མ་ཟད། མི་རིགས་མང་བོ་འཆམ་མཐུན་མཉམ་གནས་བྱས་ཡོད་དེ་ཞིབ་འཇུག་དང་དྲིལ་བསྒྲགས་ཀྱི་རིན་ཐང་ཆེན་པོ་ལྡན། མིག་རྒྱང་རིང་བོ་བྱས་ན། ཁ་བ་དཀར་པོ་ནི་འཇོལ་རྫོང་ཁོ་ནའི་མིན་པར། དེ་ནི་ཀྲུང་གོ་དང་མཐའ་ན་འཛམ་གླིང་གི་ཁ་བ་དཀར་བོ་ཡིན་ཞེས་བཤད། 

 ལི་ཅི་གིས་ཐོག་མར་སྔར་ཡོད་ཀྱི་ཡིག་ཆའི་རིག་མཛོད་ཀྱི་ལས་ཀ་ལེགས་པོ་བསྒྲུབ་དགོས་པ་མ་ཟད་། དེ་ནས་རིམ་བཞིན་ཕྱི་ཕྱོགས་སུ་བསྒྲགས་དགོས། དུས་མཚུངས་སུ་དངོས་མིན་དང་རིག་གནས་སྲུང་སྐྱོབ་མཉམ་འབྲེལ་གྱིས་རིག་གནས་ཐོན་ལས་གསར་སྤེལ་བྱེད་དགོས།

ཡུལ་དངོས་ནས་ཆེད་མཁས་པ་མང་བོས་རང་རང་གི་ལྟ་ཚུལ་བཤད་ལ། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་གཞོན་པ་པདྨ་ཚེ་རིང་(张国华)དང་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་མ་ཙི། བདེ་ཆེན་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་གསར་བའི་ཅུས་ཀྲང་ལི་དབྱང་ཧེ་སོགས་ཀྱིས་བོད་ཁུལ་ནས་ལོ་མང་བོའི་རིང་ལ་ལས་ཀ་བྱས་པའི་ཉམས་མྱོང་དང་འབྲེལ་ནས་ཅི་ལྟར་གྱིསརིག་གནས་སྔོག་འདོན་དང་རྒྱུན་འཛིན་གྱི་སྐོར་བཤད་ཅིང་།ཆེད་མཁས་པ་རྣམས་དང་བསམ་ཕྱོགས་མཐུན་པོ་བྱུང་བ་རེད། 

        

        ཐེངས་འདིའི་བྱེད་སྒོ་ནི་འཇོལ་རྫོང་དྲིལ་བསྒྲགས་པུའུ་དང་ཡུན་ནན་མི་རིགས་སློབ་ཆེན། སྤྱི་ཚོགས་རིག་པའི་སློབ་གླིང་བཅས་ཀྱིས་གཙོ་བསྒྲུབ་གནང་ཞིང་། འཇོལ་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་འཇོལ་རྫོང་ཁ་བ་དཀར་པོ་ཞིབ་འཇུག་ལྟེ་གནས་ཀྱིས་འགན་བསྒྲུབ་བྱས་པ་རེད།