མི་རིགས་རིག་གནས་དང་བོད་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བོད་རིག་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ10པའི་ཚེས་15ཉིན་བསྡུས་པའི་མི་རིགས་རིག་གནས་དང་བོད་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བོད་རིག་པའི་བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀྲུའུ་ཅིང་ཅང་གིས་ཀྲུང་གོའི་མིའི་རིགས་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚབ་བྱས་ནས། ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་མི་རིགས་གློག་བརྙན་དང་གློག་བརྙན་མིའི་རིགས་རིག་པའི་ཆེད་དོན་ཨུ་ལྷན་གྱི་འཇོལ་རྫོང་གི་གསར་རྩོམ་དང་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་དེ་འཇོལ་རྫོང་ལ་དངོས་སུ་སྤྲད་པ་རེད། རྟེན་གཞི་འདི་འཇོལ་རྫོང་དུ་གནས་པར་འཇོལ་རྫོང་གིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པ་དང་ཕྱི་ཕྱོགས་ཀྱིས་འཇོལ་རྫོང་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་ཐོན་ངེས་རེད།