ཀྲུང་གོའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་བདེ་ཆེན་དུ་བསྡུ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཀྲུང་གོའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་སྐབས་31པ་2021ལོའི་ཟླ3པའི་ཚེས5ཉིན་ནས་ཚེས15ཉིན་བདེ་ཆེན་ཁུལ་འབའ་ལུང་རྫོང་དུ་བསྡུ་རྒྱུ་ཡིན་པ་རེད། སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་སྤེལ་བར་བརྒྱུད་ནས། རང་རྒྱལ་གྱི་ཉེ་བའི་ལོ་འདི་དག་རིང་སྣ་མའི་མེ་ཏོག་གི་ཐོན་ལས་ཐད་ནས་ཐོབ་པའི་ལག་རྩལ་གསར་པ་དང་། གྲུབ་འབྲས་གསར་པ་འགྲེམས་པ་དང་། སྣ་མའི་མེ་ཏོག་གི་རིག་གནས་སྤེལ་རེས་དང་ཞིབ་གྲོས་བྱས་ནས། སྤྱི་ཚོགས་ཕན་ནུས་དང་དཔལ་འབྱོར་གྱི་ཕན་ནུས་གཉིས་ཀ་མཐོང་ཆེན་དང་། སྣ་མའི་མེ་ཏོག་འགྲེམས་སྟོན་དང་རིག་གནས་མཉམ་སྤེལ་མངོན་འགྱུར་བྱུང་བ་རེད། བྱེད་སྒོ་སྤེལ་བའི་སྐབས་སུ་སྣ་མའི་མེ་ཏོག་སྤུས་དག་འགྲེམས་སྟོན་བྱས་པ་ཕུད། གཞན་ད་དུང་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་དང་། ལྗོངས་རྒྱུ་སྤྲོ་གསེང་ལྟ་སྐོར་འགྲེམས་སྟོན།གནད་སྨིན་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད།

        འབའ་ལུང་རྫོང་གིས་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ལེགས་པར་བསྡུ་རྒྱུ་དེ་གོ་སྐབས་བཟང་པོ་ཞིག་ཏུ་བཟུང་ནས། གཞི་རྩའི་སྒྲིག་གཞི་འཛུགས་སྐྲུན་གྱི་ནུས་ཤུགས་ཆེ་རུ་བཏང་ནས། སྣ་མའི་མེ་ཏོག་གི་ཐོན་ལས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན། ཚན་རིག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་རེད།

        ཀྲུང་གོའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ནི་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་དང་། རིམ་པ་ཆེས་མཐོ་བ། ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་ཁབ་རིམ་པའི་སྣ་མའི་མེ་ཏོག་གི་རྒྱས་སྟོན་ཞིག་ཡིན་པ་རེད། སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ནི་ལོ་རེར་ཐེངས་གཅིག་སྤེལ་བ་དང་། ད་ལོའི་བར་དུ་སྐབས་28སྤེལ་ཟིན་པ་རེད།གཙང་གསུམ་མཉམ་བཞུར་གྱི་ལྟེ་བར་ཡོད་པའི་འབའ་ལུང་རྫོང་ནི་སྣ་མའི་མེ་ཏོག་གི་ལོ་རྒྱུས་རིང་ཤིང་། རང་བྱུང་གི་གནམ་གཤིས་ཆ་རྐྱེན་ནི་སྣ་མའི་མེ་ཏོག་སྐྱེ་འཚར་ལ་ཧ་ཅང་འཚམ།རང་རྒྱལ་གྱི་རྩ་ཆེའི་ཤང་ཤང་དྲིལ་བུ་ལན་གྱི་གདོད་སྐྱེས་ས་ཆ་དང་ཐོན་ཡུལ་གཙོ་བོ་ཡིན་པ་རེད། མིག་སྔར། རྫོང་ཡོངས་ཀྱི་མངའ་ཁོངས་སུ་སྣ་མའི་མེ་ཏོག་གི་གདོད་སྐྱེས་རིགས་སྣ་150དང་། ཁྱད་ལྡན་གྲགས་ཅན་གྱི་སྣ་མའི་མེ་ཏོག་གི་རིགས་སྣ80 རིགས་སྣ་གསར་བ་200ལྷག་ཡོད་དེ། ཀྲུང་གོའི་བདག་ཏུ་མ་བཟུང་བའི་རྩི་ཤིང་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཀྲུང་གོའི་སྣ་མའི་མེ་ཏོག་གི་ཕ་ས་རུ་བདམས་པ་རེད། ཉེ་བའི་ལོ་འགའི་རིང་གི་རྒྱལ་ཡོངས་ཀྱི་སྣ་མའི་མེ་ཏོག་གི་འགྲེམས་སྟོན་འགྲན་བསྡུར་ཁྲོད། འབའ་ལུང་ནས་ཡོང་བའི་སྤུས་ལེགས་ཀྱིས་སྣ་མའི་མེ་ཏོག་ལ་བྱ་དགའ་ཐེངས་མང་པོ་ཐོབ་པ་རེད།