ཀྲུང་གོའི་བོད་ཀྱི་སྐོར་བྲོའི་རིག་གནས་ཀྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་སྐབས་དང་བོ་ཀོང་རྩེད་ར་ནས་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-15   རྩོམ་ཁུངས།   

        ཟླ་10བའི་ཚེས་11ཉིན་ནས་ཚེས་12བར།ཀྲུང་གོའི་བོད་ཀྱི་སྐོར་བྲོའི་རིག་གནས་ཀྱི་མཐོ་རིམ་བགྲོ་གླེང་སྐབས་དང་བོ་ཀོང་རྩེད་ར་ནས་འཚོགས་ཤིང་། ཆེད་མཁས་པ་བརྒྱ་ལྷག་གནས་འདིར་འཛོམས་ནས་ཀོང་རྩེད་རའི་སྐོར་བྲོའི་རིག་གནས་སྔར་ལས་ལྷག་པར་སྲུང་སྐྱོབ་དང་རྒྱུན་འཛིན། གོང་སྤེལ་བྱེད་རྒྱུ་དང་། ས་གནས་མང་ཚོགས་ཀྱི་འཚོ་བའི་རིག་གནས་ཕུན་སུམ་ཚོགས་པར་གཏོང་བ། རིག་གནས་བརྗེ་རེས་དང་མཉམ་འདྲེས་བྱེད་པ་བཅས་ལ་དམིགས་ནས།མཉམ་གཅིག་ཏུ་བོད་ཀྱི་སྐོར་བྲོའི་རིག་གནས་ཀྱི་མ་འོངས་པའི་འཕེལ་ཕྱོགས་དང་ཀོང་རྩེད་ར་གྲོང་རྡལ་དེ་ཀྲུང་གོའི་སྐོར་བྲོའི་རིག་གནས་ཀྱི་ཕ་ས་ཡག་པོ་ཞིག་ཏུ་ཆགས་པར་དཔྱད་བསྡུར་བྱས་པ་རེད།    

        བགྲོ་གླེང་དེ་ཚོ་ཆུང་གསུམ་དུ་བགར་ཤིང་། ཚོ་ཆུང་དང་བོ་དེས་དངོས་མིན་རིག་གནས་རྒྱུན་འཛིན་པ་དང་། དངོས་མིན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། མིའི་རིགས་རིག་པའི་ཞིབ་འཇུག བྲོ་གར་གྱི་ཆེད་ལས་སློབ་ཁྲིད། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ནས་བགྲོ་གླེང་བྱས་པ་རེད། ཚོ་ཆུང་གཉིས་པའི་ཆེད་མཁས་པ་སོ་སོས་རང་རང་གི་ཆེད་ལས་ཀྱི་ཕྱོགས་ནས་ཀོང་རྩེད་རའི་སྐོར་བྲོའི་འཕེལ་རྒྱས་དང་དར་སྤེལ། རྒྱུན་སྐྱོང་། རྒྱུན་འཛིན་བཅས་ཀྱི་ཕྱོགས་ལ་དཔྱད་བསྡུར་བྱས་པ་རེད།ཚོ་ཆུང་གསུམ་པའི་ཆེད་མཁས་པ་རྣམས་ཀྱིས་སྐོར་བྲོའི་གནས་བབས་དང་སྒྲིག་གཞི། མཚོན་དོན་གྱི་རྣམ་པ། ནང་དོན། གྲུབ་སྟངས། དེ་མིན་ཇ་རྟའི་གནའ་ལམ་རིག་གནས་ཀྱིས་སྐོར་བྲོའི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན། རྒྱུན་སྲིང་སོགས་ཀྱི་ཐད་ལ་རྒྱས་བཤད་བྱས་པ་རེད།

        བགྲོ་གླེང་གི་གོ་རིམ་ཁྲོད་ཆེད་མཁས་པ་རྣམས་ཀྱིས་རང་རང་གི་བསམ་ཚུལ་བཏོན་ཞིང་། ཉིན་གཉིས་ཀྱི་རིང་ལ་བྱེད་སྒོའི་ཁྲོད་བོད་ཀྱི་སྐོར་བྲོ་རིག་གནས་ཅི་ལྟར་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས་པ་ཞེས་པའི་བརྗོད་གཞིར་དམིགས་ནས་བགྲོ་གླེང་དེ་ཐེངས་འགར་མཐོ་རླབས་སུ་སྐུལ་ཞིང་།ས་གནས་ཀྱི་དམངས་ཁྲོད་སྒྱུ་རྩལ་བ་དང་སྐོར་བྲོའི་རྒྱུན་འཛིན་པ་རྣམས་སྤྲོ་སྣང་ཆེན་པོ་སྐྱེས་ཤིང་བགྲོ་གླེང་དུ་ཞུགས་པའི་ཚད་ཧ་ཅང་མཐོ་པ་རེད།