གཟའ་འཁོར་གཅིག་གི་གལ་ཆེའི་གསར་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-12   རྩོམ་ཁུངས།   

        ༡.ཟླ10པའི་ཚེས10ཉིན།   

        ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་གྱིས་ཁུལ་ཨུའི་སྐབས་བརྒྱད་པའི་རྒྱུན་ཨུའི་གྲོས་ཚོགས་ཐེངས59པར་གཙོ་སྐྱོང་གནང་བ་རེད།  གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན》དང་།  དེ་བཞིན་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་སྐོར་གྱི་བསམ་འཆར་དང་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།      

       ༢.ཟླ་10པའི་ཚེས་9ཉིན།  

        བདེ་ཆེན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་སྐབས་བཅུ་གསུམ་པ་ཡིས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཏེ།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཡིས་ཞུས་པའི་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དོ་དམ་སྲོལ་ཡིག》ལག་བསྟར་གཏོང་བའི་གྲོས་གཞི་ལ་ཆེད་དོན་གྱིས་ཉན་འཇོག་དང་གྲོས་ཞིབ་བྱས་ནས།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དོ་དམ་སྲོལ་ཡིག》ལག་བསྟར་བྱེད་པའི་སྤྱི་བསྒྲགས་(འཆར་ཟིན)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།