སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་ལི་གྲོ་བསྡུ་བར་བྲེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-11   རྩོམ་ཁུངས།   

    







     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱིས་ལི་གྲོ་བསྡུ་བའི་དུས་ལ་སླེབས་ཡོད།ཞིང་བ་རྣམས་ཀྱིས་ཞིང་ས་གྲུ་བཞི་ནང་ལི་གྲོ་འབྲེག་པ་དང་སྐྱེལ་བ་སོགས་ཀྱི་ལས་ལ་བྲེལ།རྒྱུས་ལོན་བྱུང་བ་ལྟར་ན།ཞིང་པའི་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད།ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས།ཧུར་བརྩོན་གྱིས་ཞིང་ལས་དཔལ་འབྱོར་གྱི་འཕར་ཚད་གསར་གཏོད་བྱས་པ་དང་།2016ལོར་ནང་འདྲེན་ལི་གྲོའི་འདེབས་འཛུགས་ལ་གྲུབ་འབྲས་ཐོབ་པ་མ་ཟད།ཉེ་བའི་ལོ་གཉིས་རིང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་བས།རྒྱ་ཆེ་བའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་སྒུལ་ཤུགས་གསར་པ་བསྣན་པ་རེད།