རྒྱལ་སྟོན་གུང་གསེང་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི54སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-11   རྩོམ་ཁུངས།   

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་བདེ་ཆེན་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་53.87སྣེ་ལེན་བྱས་ཡོད།འདིའི་ཁྲོད་དུ།ཉིན་གཅིག་ཅན་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི26.08དང་།ཞག་སྡོད་ཅན་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་27.79ཡོད་པ་རེད།ཁུལ་ཡོངས་ཀྱིས་ཞག་སྡོད་ཚད་71.2%ཟིན་ཡོད།

བསྡོམས་རྩིས་གཞི་གྲངས་ལྟར་ན། གཙོ་བོའི་ཡུལ་སྐོར་མཛེས་ལྗོངས་གཙོ་བོ་ཁག་གིས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ལ་ཐོན་པའི་འདེགས་སྐྱོར་ནུས་ཤུགས་སྔར་བཞིན་མངོན་གསལ་དོད་པོ་ཐོན་ཡོད།འདིའི་ཁྲོད་དུ།སྟག་མཆོང་གྲོག་རོང་ལྗོངས་ཁུལ་ནི་གུང་གསེང་རིང་ཆེས་དགའ་བསུ་ཐོབ་པའི་ལྗོངས་ཁུལ་ཡིན་པ་དང་།ཟླ10པའི་ཚེས5ཉིན་ཡུལ་སྐོར་བ་མི་ཐེངས་11522སྣེ་ལེན་བྱས།ཁུལ་ཡོངས་ཀྱི་ལྗོངས་ཁུལ་ཁག་གིས་ཁྱོན་བསྡོམས་ས་གནས་གཞན་གྱི་སྒེར་གཏོང་ཡུལ་སྐོར་རླངས་འཁོར་ཐེངས52950སྣེ་ལེན་བྱས་ཡོད།ཟླ10པའི་ཚེས1ཉིན།ལག་ཁྱེར་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་བྱེད་ཞེས་པ་དངོས་སུ་ཤར་གཏོང་བྱས་པས།ཡུལ་སྐོར་དང་འགྲོ་འདུག ཉོ་སྒྲུབ།རོལ་རྩེད་སོགས་ལ་སྟབས་བདེ་སྐྲུན་ཡོད།        གུང་གསེང་རིང་གི་ཡུལ་སྐོར་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་ཆེད།དུས་ཆེན་གྱི་སྔོན་གྱི་ཁུལ་ཡོངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་དང་།སྡེ་ཁག་མང་པོའི་མཉམ་འབྲེལ་གྱིས་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས་ལ།གནས་པའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་ལེགས་བཅོས་བྱས་པ་རེད།གུང་གསེང་གི་སྐབས་སུ།ས་གནས་སོ་སོའི་རིག་རྩལ་འཁྲབ་སྟོན་དང་དམངས་སྲོལ་རིག་གནས་ཀྱི་བྱ་འགུལ་སོགས་སྤེལ་བ་དང་།ཡུལ་སྐོར་སོགས་ཞབས་ཞུ་སྡེ་ཁག་གིས་ཆེས་བཟང་བའི་ཞབས་ཞུ་འབུལ་བ་རེད།