དབུ་ཤོག >> དཔེ་དེབ་འཕྲིན་གསར།
《སྙན་གཞུང་གི་འགྲེལ་བཤད་མཚོ་བྱུང་དགའ་བའི་འཛུམ་མདངས》།
རྩོམ་པ་པོ། དུས་ཚོད། 2018-10-10 རྩོམ་ཁུངས།

        《སྙན་གཞུང་གི་འགྲེལ་བཤད་མཚོ་བྱུང་དགའ་བའི་འཛུམ་མདངསཞེས་པའི་དེབ་འདི་ནི་རྔ་བ་ཀུན་གྲོལ་རྒྱ་མཚོས་བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ཡིན།

         དེབ་འདིར《སྙན་ངག་རྒྱན་གསུམ་གྱི་དོན་འགྲེལ་དཔེར་བརྗོད་ལེགས་པར་བཤད་པ་གཙང་གཤེན་དགོངས་རྒྱན》ཞེས་པ་དང་། 《སྙན་ཚིག་ཡོན་ཏན་བཅུའི་གནད་དོན་གསལ་བར་སྟོན་པའི་དོན་འགྲེལ་དཔེར་བརྗོད་ལེགས་པར་བཤད་པ་དབྱངས་ཀྱི་རྒྱལ་མོའི་ཞལ་ལུང》《སྙན་གཞུང་དེ་གཉིས་ཀྱི་ནང་གི་མངོན་བརྗོད་ཀྱི་རིགས་ཕལ་ཆེར་གྱི་འགྲེལ་བ་མངོན་བརྗོད་ཀྱི་འགྲེལ་བ་གཞན་རྣམས་ལས་བཏུས་ཏེ་ཟུར་དུ་བཀོད་པ》ཞེས་པ་རྣམས་བསྡུས་ཡོད།
        དེབ་འདིའི་རྩོམ་པ་པོ་ནི་རྔ་བ་ཀུན་གྲོལ་རྒྱ་མཚོ་ཡིན་ལ། ཁོང་ནི1960ལོའི་ཟླ9པར་མདོ་སྨད་རྔ་བ་བར་མའི་ཙི་ར་སྡེ་བར་སྐྱེས། སྔ་རྗེས་སུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་མང་པོའི་སྟེང་དུ་སྙན་རྩོམ་བརྒྱ་ལྷག་སྤེལ། 《གངས་རྒྱལ་ཏི་སེར་ཕུལ་པའི་གླུ་དབྱངས》ཞེས་པའི་རྩོམ་ཡིག་དེ《སྦྲང་ཆར》གྱི་ལོ་འཁོར་ཉི་ཤུའི་དཔེ་ཚོགས་སུ་བདམས། 《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྣམ་པའི་སྐུལ་བརྡ་ལ་བརྟེན་ནས་ཡུལ་ཤུལ་ས་འགུལ་ཆེན་མོའི《རྗེས་དྲན་གདུང་འབོད》ཅེས་པའི་རྩོམ་ཡིག《སྦྲང་ཆར》ཆེད་སྒྲིག་ལེ་ཚན་དུ་བཀོད། ད་ལྟའི་བར《མཁའ་ལ་འཕྱོ་བའི་སྤྲིན་དཀར》ཞེས་པ་སོགས་དཔེ་སྐྲུན་བྱས།