བོད་ལྗོངས་ཡོངས་ཀྱི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ལྷ་སར་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བ།  དུས་རབས་གསར་པའི་བོད་ཀྱི་མི་དམངས་མང་ཚོགས་ཚོའི་ཐོབ་སྣང་དང་བདེ་སྐྱིད་ཚོར་སྣང་གང་ལེགས་མངོན་པ་བྱེད་ཆེད།  སྤྱི་ཟླ9བའི་ཚེས26ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་རིག་གནས་ཐིང་།  རང་སྐྱོང་ལྗོངས་ལུས་རྩལ་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་།  རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་འགན་འཁུར་བའི“མཛེས་པའི་བོད་ལྗོངས། གཅེས་པའི་ཕ་ཡུལ”ཞེས་བརྗོད་དོན་དུ་བྱས་པའི་ལྗོངས་ཡོངས་ཀྱི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ལྷ་སར་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར།  ལྷོ་ཁ་གྲོང་ཁྱེར།  ཉིང་ཁྲི་གྲོང་ཁྱེར།  ཆབ་མདོ་གྲོང་ཁྱེར།  ནག་ཆུ་གྲོང་ཁྱེར་བཅས་ཀྱི་འཐུས་མིའི་རུ་ཁག6ཞུགས་ཡོད།  །