དབུ་ཤོག >> སྐབས་དོན་གསར་འགྱུར།
བདེ་ཆེན་ན་གུང་གསེང་གི་མཐའ་མཇུག་གི་ཉིན་མོ་འདི་ལྟར་གཏོང་བཞིན་ཡོད།
རྩོམ་པ་པོ། དུས་ཚོད། 2018-10-08 རྩོམ་ཁུངས།


        ཟླ་10པའི་ཚེས་7ཉིན་ནི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་གཏོང་བའི་ཆེས་མཐའ་མའི་ཉིན་ཡིན་ལ།སེམས་ཀྱི་ཟླའི་མཐའ་འཁོར་ལྗོངས་ཁུལ་གྱི་ཡུལ་སྐོར་བ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་མོད།འོན་ཀྱང་ཉི་མ་སེར་བོའི་ཐང་ཆེན་གྱི་ལུས་རྩལ་ར་བ་ན་སྤོ་ལོ་རྩེད་བཞིན་པའི་མི་ཉིན་སྔོན་མ་དང་བསྡུར་ན་དམིགས་གསལ་གྱིས་ཇེ་མང་དུ་སོང་ཡོད་པ་རེད།

        ས་གནས་མང་ཚོགས་ཀྱི་རྩལ་སྦྱོང་གི་དགོས་མཁོ་སྐོང་བའི་ཆེད་ལ་སེམས་ཀྱི་ཉི་ཟླའི་ཉི་མ་སེར་པོའི་ཐང་ཆེན་གྱི་ལག་རྩེད་སྤོ་ལོའི་ར་བ་དང་རྐང་རྩེད་སྤོ་ལོའི་ར་བ་གཉིས་ཆུ་ཚོད་ཉེར་བཞིར་སྒོ་ཕྱེ་ཡོད་པ་རེད།ཉིན་དེར་རྐང་རྩེད་ར་བ་ན་ས་གནས་ཀྱི་སློབ་ཆུང་སློབ་མ་དང་སློབ་འབྲིང་སློབ་མ་བཅུ་ཁྲག་འགའ་སྐོར་བགོས་ནས་སྤྲོ་སྣང་ལྡན་པའི་ངང་རྐང་རྩེད་སྤོ་ལོ་རྩེད་བཞིན་ཡོད་ལ་མཐའ་འཁོར་ན་ལྟད་མོ་བ་ཡང་མང་བོ་ཡོད་པ་རེད།ལོགས་སུ་ཡོད་པའི་ལག་རྩེད་སྤོ་ལོའི་ར་བ་ན་མི་ཚོགས་དེ་ལས་མང་སྟེ།ར་བའི་ཕྱོགས་གཉིས་ན་སྐོར་བགོས་ནས་རྩེད་བཞིན་ཡོད་པ་མ་ཟད།རྩེད་འདོད་ཡོད་པའི་མི་མང་བོས་ཡང་སྤོ་ལོ་ཁྱེར་ནས་སྒོ་འགྲམ་གྱི་ཕྱོགས་གཉིས་ལ་སྒུག་ཡོད།  ལུས་རྩལ་ར་བ་གཉིས་ཀ་ན་མི་རིགས་མི་གཅིག་པ་དང་ལས་རིགས་མི་གཅིག་པའི་མི་མང་བོས་དགོད་སྒྲ་དང་སྤྲོ་སྣང་གིས་ཁེངས་ནས་སྤོ་ལོ་རྩེད་བཞིན་ཡོད་འདིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་ཟུར་ཞིག་མཚོན་ཐུབ་ལ།འདི་ཡང་བདེ་ཆེན་ཀྱི་ད་ལྟའི་སྤྱི་ཚོགས་ཀྱི་བསྡུས་རིས་ཤིག་ཡིན་ཞེས་བཤད་ཆོག་ཆོག་ཡིན།

        རྒྱུས་ལོན་བྱུང་བ་ལྟར་ན།དུས་ཆེན་གྱི་ཆེས་མཐའ་མའི་ཉིན་འདིར་ལུས་རྩལ་ར་བ་ན་འདི་འདྲའི་མི་མང་བའི་རྒྱུ་མཚན་ནི་ཉིན་འདི་དག་ས་གནས་ཀྱི་མི་མང་བོ་ཕྱིར་ཡུལ་སྐོར་ལ་སོང་ནས་ཕྱིར་ལོག་ཡོང་ལ།མཐར་ཕྱིན་སློབ་མ་དག་གིས་ཡང་ཉིན་སྔོན་དག་ལ་གསེབ་སྦྱོང་ལ་སོང་ནས་ཆེས་མཐའ་མཇུག་གི་ཉིན་འདིར་སྤོ་ལོ་རྩེད་ནས་གུང་གསེང་གཏོང་བཞིན་ཡོད་པ་རེད།