དབུ་ཤོག >> ས་གནས་གསར་འགྱུར།
གུང་གསེང་རིང་ལྗོངས་རྒྱུར་འགྲོ་བ་ལས་དཔེ་ཁང་དུ་སོང་ན་ལེགས།
རྩོམ་པ་པོ། པད་མ་མཚོ། དུས་ཚོད། 2018-10-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ།གྲོང་མི་མི་ཉུང་བ་ཞིག་དཔེ་ཁང་དུ་ཕེབས་ནས་དཔེ་ཀློག་དང་དཔེ་ཆ་ཉོ་བའི་ལས་ལ་བྲེལ་བཞིན་ཡོད་པས།རྒྱལ་སྟོན་དུས་ཆེན་ནི་དཔེ་ཀློག་གི་དུས་བཟང་ཞིག་ཏུ་ཆགས་ཡོད་པ་རེད།

        གྲོང་མི་གཡང་འཛོམས་ཀྱིས་རང་གི་ལོ་ལྔ་ཅན་གྱི་བུ་མོ་ཁྲིད་ནས་དཔེ་ཁང་དུ་དཔེ་ཆ་ཉོ་བཞིན་ཡོད།མོས་རྒྱལ་སྟོན་དུས་ཆེན་རིང་ག་ས་གང་དུ་མི་ཚོགས་ཀྱིས་ཁེངས་ཡོད།ལྗོངས་ཁུལ་དུ་ལྗོངས་རྒྱུར་སོང་ན་རྒན་པ་དང་བྱིས་པའི་བདེ་འཇགས་ལ་ལྷག་དུ་མཉམ་འཇོག་བྱེད་དགོས།དེ་ལས་དཔེ་ཆ་ཀློག་ནས་རང་ཁྱིམ་ནས་གུང་གསེང་གཏོང་ན་འགྲིག  ཐེངས་འདིར་དཔེ་ཁང་ནས་བུ་མོས་དགའ་སའི་དཔེ་ཆ་འགའ་ཉོ་རྩིས་ཡོད།དཔེ་ཀློག་ནི་ཆུང་དུས་ནས་རྐྱེད་བསྲིངས་བྱེད་དགོས་ཞེས་བཤད་བྱུང་།

        བོད་ཡིག་སློབ་འབྲིང་གི་སློབ་མ་འགའ་ཡང་མཉམ་དུ་དཔེ་ཁང་དུ་དཔེ་ཀློག་ལ་རོལ།སློབ་མ་ནོར་བུས་དུས་རྒྱུན་དུ་སློབ་ཁྲིད་མང་བ་དང་།རང་གི་ལྟ་འདོད་ཀྱི་སློབ་ཕྱིའི་དཔེ་ཆ་ཀློག་རྒྱུའི་དུས་ཚོད་མེད།ཐེངས་འདིར་ང་ཚོ་ལ་ཡང་གུང་གསེང་གཏོང་བས།ཉིན་འདི་དག་གི་དུས་ཚོད་དམ་འཛིན་བྱས་ནས་དཔེ་ཁང་དུ་འོངས་ཏེ་དཔེ་ཀློག་བྱས་པ་ཡིན་ཞེས་ཟེར་བྱུང་།

        ཤེས་ཡོན་གསར་བའི་དཔེ་ཁང་གི་ལས་སྒྲུབ་མི་སྣས་བཤད་པ་ལྟར་ན།ལོ་འདི་དག་གི་རིང་སེམས་ཀྱི་ཉི་ཟླའི་གྲོང་མི་རྣམས་ཀྱི་དཔེ་ཀློག་གི་མི་གྲངས་ནི་དེ་སྔོན་ལས་ལྡབ་འགའ་འཕར་ཡོད།ལྷག་པར་དུ་ད་ལོའི་རྒྱལ་སྟོན་དུས་ཆེན་རིང་དཔེ་ཁང་དུ་འོངས་པའི་མི་ནི་ཉིན་རྒྱུན་ལས་མང་།གུང་གསེང་གི་སྐབས་སུ་དཔེ་ཁང་དུ་འགྲོ་རྒྱུའང་རིམ་བཞིན་དུས་ཆེན་ལ་རོལ་བའི་དར་སྲོལ་གསར་བ་ཞིག་ཏུ་ཆགས་འདུག་ཅེས་བཤད་བྱུང་།