སྐོར་བྲོའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འཇོལ་རྫོང་ཀོང་རྩེད་ར་ནས་སྤེལ་གྲབས་ཡོད།

རྩོམ་པ་པོ།   པད་མ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-10-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སྔར་ལས་ལྷག་པའི་སྒོ་ནས་ཀོང་རྩེད་རའི་སྐོར་བྲོའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན།དར་སྤེལ་གཏོང་བ་དང་།མི་དམངས་ཀྱི་འཚོ་བ་ཇེ་ཕྱུག་དང་ཡུལ་སྐོར་རིག་གནས་ཀྱི་བྱ་འགུལ་ལ་སྐུལ་འདེད་གང་ལེགས་གཏོང་ཆེད།ད་ལོའི་ཟླ10པའི་ཚེས10ཉིན་ནས་ཚེས་12ཉིན་ལ།སྐོར་བྲོའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འཇོལ་རྫོང་ཀོང་རྩེད་ར་ནས་སྤེལ་རྒྱུ་ཡིན་པ་རེད།

        རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ཉིན་འདི་དག་ལའང་ཞབས་བྲོ་པ་རྣམས་ཀྱིས་ངལ་གསོ་མ་བྱས་པས་ཉིན་ལྟར་ཞབས་བྲོ་སྦྱང་ནས་སྐོར་བྲོའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།སྐོར་བྲོའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་ཀོང་རྩེད་རའི་རང་ས་གནས་ཀྱི་ཞབས་བྲོ་ཡོད་པ་མ་ཟད།ཉེ་འགྲན་ཤང་གྲོང་གི་དམངས་ཁྲོད་རིག་གནས་འགྲེམས་འཁྲབ་དང་།ཀྲུང་གོའི་སྐོར་བྲོའི་རིག་གནས་ཕ་སའི་སྒོ་བྱང་འགེལ་བའི་མཛད་སྒོ།བདེ་ཆེན་ཁུལ་ཀྲུང་གོའི་སྐོར་བྲོ་རིག་གནས་སྐབས་དང་པོའི་མཐོ་རིམ་གླེང་སྟེགས་སོགས་སྤེལ་རྒྱུ་ཡིན་པ་རེད།གཞན་ཟླ10པའི་ཚེས་8ཉིན་ནས་ཚེས12ཉིན་བར་དུ་ལག་རྩེད་སྤོ་ལོའི་འགྲན་བསྡུར་སོགས་སྤེལ་རྒྱུ་ཡིན་པ་རེད།