དབུ་ཤོག >> ས་གནས་གསར་འགྱུར།
དགའ་ལྡན་སུམ་རྩེན་གླིང་ཡུལ་སྐོར་བའི་འདེམས་གསེས་ཀྱི་ལྗོངས་ཁུལ་གཙོ་བོར་གྱུར།
རྩོམ་པ་པོ། རིན་ཆེན་ཚེ་རིང་། དུས་ཚོད། 2018-10-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་སྤྱི་ལེ་5、6་ཙམ་བསྐྱོད་པའི་མཚམས་སུ་ཡོད་ལ། ལྗོངས་ཁུལ་འདི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ཡུལ་སྐོར་བའི་འདེམས་གཙོ་བོར་གྱུར་ཡོད་པ་རེད།

        ཟླ་10བའི་ཚེས་4ཉིན། དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་དུ་ཡུལ་སྐོར་བའི་མི་ཚོགས་ཀྱིས་གང་ཡོད་ལ། ལྗོངས་ཁུལ་གྱི་གནས་ཤན་པ་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཁོས་རྒྱལ་སྟོན་དུས་ཆེན་གྱི་ཉིན་དང་བོར་ཡུལ་སྐོར་བ་དེ་འདྲ་མང་བོ་མེད་ལ།ཉིན་གཉིས་པ་ནས་བཟུང་དམིགས་གསལ་གྱིས་ཇེ་མང་དུ་སོང་སྟེ་ཆ་སྙོམས་ཉིན་རེར་ཡུལ་སྐོར་བ་མི་སྟོང་དྲུག་རེ་སྣེ་ལེན་བྱེད་བཞིན་ཡོད་ཅེས་བཤད།