དབུ་ཤོག >> ས་གནས་གསར་འགྱུར།
རྒྱལ་སྟོན་དུས་ཆེན་སྐབས་སུ་བདེ་ཆེན་ན་འདི་འདྲའི་འདུ་འཛི་ཆེན་པོ་སྣང་།
རྩོམ་པ་པོ། དུས་ཚོད། 2018-10-05 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ།   ཡུལ་སྐོར་བ་མང་པོས་བདེ་ཆེན་སེམས་ཀྱི་ཉི་ཟླར་འཆམ་འཆམ་དུ་ཡོང་བ་དང་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་མྱོང་བར་ཡོང།  དེའི་དུས་མཉམ་དུ་ཁོ་ཚོས་བདེ་ཆེན་གྱི་མི་རིགས་དངོས་མང་བཤམས་སྟོན་ཁང་དང་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་སོང་ནས་བདེ་ཆེན་གྱི་སྤྱི་ཚོགས་ལོ་རྒྱུས་དང་མི་རིགས་རིག་གནས།  ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་བྱས་པ་རེད།

        ཉེ་བའི་ཉིན་འདི་འགར།  འཇོལ་རྫོང་གི་གནམ་གཤིས་དྲོད་གྲང་མཉམ་པ་དང་།  རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དང་བསྟུན་ནས།   དབུ་ནུབ་སྟེང་དང་གླེགས་བམ་ལྗོངས་ཁུལ་སོགས་སུ་ཡུལ་སྐོར་བ་རྒྱུན་ཆད་མེད་པར་བྱུང་འདུག

        ཟླ10པའི་ཚེས་2ཉིན།  འབའ་ལུང་རྫོང་ཕན་ཐན་སྒང་ཤང་གིས་འབྲུ་ནག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་བསྡུས།  དེའི་དུས་སྐབས་སུ།  ད་དུང་མདའ་འཕེན་འགྲན་བསྡུར་དང་རྐང་འཁོར་འགྲན་བསྡུར།  མི་རིགས་གོས་རྒྱན་དང་མི་རིགས་ལག་བཟོའི་ཐོན་རྫས་བཤམས་འཚོང་།  མི་རིགས་རིག་གནས་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་བསྡུས་པ་རེད།

        ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ།  འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་ཡུལ་སྐོར་བའི་གྲངས་འབོར་ཟིན་ཐོ་གསར་པ་བཏོད་དེ། ཡུལ་སྐོར་བའི་གྲངས་འབོར་དུས་རྒྱུན་ལས་40%འཕར་ཡོད་པ་དང་།  ཚེས་པ་3དང་ཚེས་པ4  ཚེས་པ་5རུ་དུས་ཆེན་སྐབས་ཀྱི་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པ་རེད།

        རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དཀྱིལ་འཁོར་ཐང་ཆེན་དང་ཟླ་འོད་ཐང་ཆེན་སོགས་སུ་ཐང་ཆེན་ཞབས་བྲོ་འཁྲབ་མཁན་མང་པོ་འདུག་སྟེ།  དེའི་ཁྲོད་དུ་ས་གནས་དེ་གའི་ཡུལ་མི་ཡོད་པ་མ་ཟད།  ཡུལ་སྐོར་བ་མང་པོས་མཉམ་དུ་འཁྲབ་བཞིན་ཡོད་པ་དང་།  ཡང་མིན་ན་ལག་ཁྱེར་ཁ་པར་དང་པར་ཆས་སོགས་བཟུང་ནས་པར་རྒྱག་བར་བྲེལ་ཡོད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནག་ཆུའི་འགྲམ་དུ།  ཧྲང་ཧའེ་དང་ཀོང་ཀྲུའུ་སོགས་ནས་ཡོང་བའི་ཚོང་པ་མང་པོས་གློག་ཆས་དང་གོས་རྒྱན།  བཟའ་བཏུང་སོགས་ཀྱི་ཚོང་ཟོག་བཤམས་ནས་བཀྲམ་འཚོང་ཚོང་འདུས་སྤེལ་ཡོད་པ་དང་།   ས་གནས་དེ་གའི་མང་ཚོགས་རྣམས་ཀྱིས་རང་ཉིད་དགོས་མཁོ་ཡོད་པའི་ཚོང་ཟོག་འདེམས་གསེས་བྱས་ཡོད་པ་རེད།