ཉི་ཤར་ཀུ་ཤུ་ལྗིད་ཏིག་ཏིག

རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9བའི་ཟླ་མཇུག་ནས་ཟླ་10ཟླ་མགོའི་བར་ནི་སེམས་ཀྱི་ཉི་ཟླའི་སྟོན་བསྡུའི་དུས་ཚོད་ཡིན་ལ། རྒྱལ་ཐང་དང་ཡང་ཐང་གི་འབྲུ་རིགས་ཀྱི་ལོ་ལེགས་བསྡུས་ནས་ཅུང་འགོར་མེད་པའི་དུས་འདིར། ཉི་ཤར་ཤང་གི་སིལ་ཏོག་ལ་ཡང་འབྲས་བཟང་སྨིན་ནས་བསྡུ་བའི་འགོ་བརྩམས་པ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ནས་ཡིན་པའི་བློ་བཟང་བཀྲ་ཤིས་ཚང་གིས་ད་ལོ་སྐྱེ་ཁམས་ཀུ་ཤུ་མུའུ་20བཏབས་ཡོད་ལ།   ད་ལོ་ཡང་ཁོང་ཚང་གི་སིལ་ར་ན་འབྲས་བཟང་སྨིན་ཡོད་དེ།  ཉིན་འདི་དག་ལ་ཁོང་ཚང་གི་བཟའ་མི་ཡོངས་སིལ་རའི་སིལ་ཏོག་བསྡུ་བར་བྲེལ་བཞིན་ཡོད། ཉིན་འགའི་སྔོན་ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྗང་མདོག་བདེ་ཐང་གི་ཞིང་ལས་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སིས་ཁོང་ཚང་གི་ད་ལོའི་རིམ་པ་དང་བོའི་ཀུ་ཤུ་ཉོས་པ་ཡིན་ལ། ཉིན་འདི་དག་ལ་ས་གཞན་པ་ནས་ཡོང་བའི་ཚོང་བ་འགའ་རེས་ཡང་ཁོང་ཚང་གི་སྐྱེ་ཁམས་ཀུ་ཤུ་ཉོ་རྒྱུ་ཐག་གཅོད་བྱས་ཡོད་པ་རེད།   

         བློ་བཟང་བཀྲ་ཤིས་ཀྱིས་གདོང་ལ་འཛུམ་གྱིས་ཁེངས་ནས་ད་ལོ་སིལ་ར་ན་འབྲས་བཟང་སྨིན་ཡོད་པ་མ་ཟད་རིན་གོང་མཐོན་པོས་བཙོང་ཐུབ་སོང་།  རྣམ་པ་འདི་ལ་འགྱུར་ལྡོག་མེད་ན་སང་ལོ་སིལ་ར་ཇེ་ཆེར་གཏོང་བའི་འཆར་གཞི་ཡོད་ཅེས་བཤད།